༄༅། །མིག་སྔའི་བོད་ཀྱི་སློབ་གསོའི་གནས་བབས་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-18


                             དང་པོ། མིག་སྔའི་བོད་ཀྱི་སློབ་གསོའི་གནས་བབས་སྐོར།

  མིག་སྔའི་བོད་ཀྱི་སློབ་གསོའི་གནས་བབ་ལ་གདེང་འཇོག་བྱེད་དགོས་པ་དང་། གདེང་འཇོག་བྱས་པ་བརྒྱུད་སླད་ཕྱིན་བོད་ཀྱི་སློབ་གསོའི་བསྒྱུར་བཅོས་ཀྱི་ཁ་ཕྱོགས་གསལ་པོ་ཡོང་བ་བྱེད་དགོས། གནས་བབ་ལ་དབྱེ་ཞིབ་གསལ་པོ་དང་། གདེང་འཇོག་གནད་འཁེལ་ཞིག་བྱུང་ན་འབྱུང་འགྱུར་བོད་ཀྱི་སློབ་གསོ་བསྒྱུར་བཅོས་ཀྱི་ཁ་ཕྱོགས་ཅུང་གསལ་པོ་ཆགས་ཐུབ།

  མིག་སྔར་བོད་ཀྱི་སློབ་གསོའི་གནས་བབས་དབྱེ་ཞིབ་བྱེད་སྐབས་གཞི་གང་ཞིག་ལ་བཅོལ་དགོས་ཤེ་ན།

  1 .ང་ཚོ་བོད་ཀྱི་སློབ་གསོའི་གནས་བབས་དེ་རྒྱལ་ཡོངས་ཀྱི་སློབ་གསོ་སྒྱུར་བཅོས་བྱེད་པའི་དུས་བབས་ལ་གཞིགས་ནས་དབྱེ་ཞིབ་བྱེད་དགོས་པ་ནི་བོད་ཀྱི་སློབ་གསོ་དེ་མཐར་གཏུག་རྒྱལ་ཡོངས་ཀྱི་སློབ་གསོ་དང་འབྲེལ་མཐུད་ཐུབ་དགོས་པ་མ་ཟད། རྒྱལ་ཡོངས་ཀྱི་སློབ་གསོ་སྒྱུར་བཅོས་བྱེད་པའི་ཕྱོགས་སུ་བསྐྱོད་རྒྱུ་དེ་གཅིག་གྱུར་ཡིན། དེར་བརྟེན། མིག་སྔའི་ང་ཚོའི་བོད་ཀྱི་སློབ་གསོའི་གནས་བབས་ལ་དབྱེ་ཞིབ་བྱེད་སྐབས་ཐོག་མར་རྒྱལ་ཡོངས་ཀྱི་སློབ་གསོ་སྒྱུར་བཅོས་ཀྱི་རྣམ་པའི་ཁ་ཕྱོགས་གཞིར་བཟུང་དགོས་པ་ཡིན།

  2.ང་ཚོས་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞིའི་སྒྱུར་བཅོས་ལ་དབྱེ་ཞིབ་དང་ཤེས་རྟོགས་ཐུབ་པ་བྱེད་དགོས། དེ་ནི་སློབ་གསོ་དང་དཔལ་འབྱོར་ཟུང་འབྲེལ་དང་། སློབ་གསོས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཞབས་ཞུ་བྱེད་དགོས་ན་ང་ཚོས་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཀྱི་རྩ་བའི་འཕེལ་ཕྱོགས་ཤེས་རྟོགས་ཐུབ་པ་བྱེད་དགོས། རྒྱལ་ཡོངས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞི་འཛུགས་དགོས་སྐོར་བཏོན་ཡོད་པ་དང་། ཚོགས་ཆེན་བཅོ་ལྔ་པའི་ལས་དོན་སྙན་སྒྲོན་ནང་ཁྲོམ་རའི་དཔལ་འབྱོར་འཛུགས་སྐྲུན་གང་འདྲ་ཞིག་བྱེད་དགོས་རྒྱུའི་ཐད་དེ་བས་གསལ་པོ་འཁོད་ཡོད་པ་རེད། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞི་འཛུགས་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་གཞི་འཛུགས་སྐྱོང་བྱེད་པའི་ནང་མཛད་ཕྱོགས་དང་། སྲིད་ཇུས། དམིགས་ཡུལ། རྩ་དོན་བཅས་ཚང་མ་གསལ་པོ་དགོས་པ་རེད།

  3.བོད་ཀྱི་སློབ་གསོའི་གནས་བབས་ལ་དབྱེ་ཞིབ་བྱེད་པའི་ཐད་ང་ཚོས་བོད་ཀྱི་སློབ་གསོར་ཐོབ་པའི་གྲུབ་འབྲས་དང་གནས་པའི་སྐྱོན་ཆར་རིག་པ་དྭངས་གསལ་གྱིས་ངོས་འཛིན་དགོས། གོང་གསལ་གྱི་ནང་དོན་གསུམ་པོ་དེ་ནི་བོད་ཀྱི་སློབ་གསོའི་གནས་བབས་ལ་དབྱེ་ཞིབ་བྱེད་པའི་གཞི་འཛིན་ས་ཡིན། དེར་བརྟེན། སློབ་གསོའི་ཕྱག་ལས་གནང་མཁན་ཚོས་ཆབ་སྲིད་ལ་དོ་སྣང་དང་། དཔལ་འབྱོར་ལ་སེམས་ཁུར་གནང་ནས་ང་ཚོས་ངེས་པར་དུ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་འགྲོ་བའི་གནས་ཚུལ་འོག་ང་ཚོའི་སློབ་གསོ་སྒྱུར་བཅོས་ཀྱི་གནད་དོན་ཐད་ལ་བསམ་གཞིགས་བྱེད་དགོས།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1