དཀར་མཛེས་རྫོང་གིས་མང་ཚོགས་ལ་དོན་དངོས་སྒྲུབ་རྒྱུ་དེ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱས།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 09-19


                  མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་བྱེད་སྒོ་སྤེལ་བ་ནས་བཟུང་།དཀར་མཛེས་རྫོང་གིས་ཟླ་རེར་བརྗོད་བྱ་གཙོ་བོ་རེའི་བྱེད་སྟངས་ཐོག་ནས་མང་ཚོགས་ལས་ཀ་དང་དུས་རིམ་གྱི་ལས་ཀ་གཙོ་གནད་གཉིས་ཕན་འབྲས་ཐོབ་ཐུབ་པ་བྱས་པ་དང་།ལས་བྱེད་པ་སྟོང་ལྷག་གཞི་རིམ་དུ་བསྐྱོད་ནས་ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་འཕོ་འགྱུར་བཏང་།

                  ལོ་གཉིས་རིང་ལ་མང་ཚོགས་ལས་ཀ་སྤེལ་བ་ནས་བཟུང་རྫོང་དེའི་ལས་བྱེད་པ་དང་མང་ཚོགས་བར་གྱི་ཉ་དང་ཆུ་ནང་བཞིན་གྱི་འབྲེལ་བ་དེ་བས་ཟབ་ཏུ་གྱུར། རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་2921གིས་ཞིང་འབྲོག་དུད་ཚང་12870ཡི་ཞིང་འབྲོག་པ་51680དང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ཤིང་། མང་ཚོགས་ཀྱི་བསམ་འཆར་6000ལྷག་བསྡུ་ལེན་བྱས། མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་3183དང་། འགལ་བ་དང་རྩོད་གཞི་667ཐག་བཅད་པ། མ་དངུལ་དང་དངོས་རྫས་ཁྱོན་བསྡོམས་སྒོར་ཁྲི་967ཕུལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1