ཞི་ཅིན་ཕིང་གིས་རྒྱ་གར་གྱི་མཛའ་བཤེས་མི་སྣ་དང་མཛའ་བཤེས་ཚོགས་པའི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོར་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་མཛའ་བཤེས་བྱ་དགའ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


              སྤྱི་ཟླ་9པའི་ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྷེ་ལི་གསར་བ་ནས་རྒྱ་གར་གྱི་མཛའ་བཤེས་མི་སྣ་དང་མཛའ་བཤེས་ཚོགས་པའི་འཐུས་མིར་མཇལ་འཕྲད་གནང་བར་མ་ཟད། ཁོང་ཚོར་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་མཛའ་བཤེས་བྱ་དགའ་གནང་སྟེ། ཁོ་ཚོས་དུས་ཡུན་རིང་པོར་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་མཛའ་བཤེས་ལས་དོན་ཐད་ལ་འབད་བརྩོན་བྱས་པར་གཟེངས་བསྟོད་མཛད།

             མཛའ་བཤེས་མི་སྣ་དང་མཛའ་བཤེས་ཚོགས་པ་དེ་དག་ནི་ཀྲུང་གོར་རོགས་སྐྱོར་བྱེད་པའི་རྒྱ་གར་སྨན་བཅོས་རུ་ཁག་གི་སྨན་པ་དང་། རྒྱལ་སྤྱི་རིང་ལུགས་ཀྱི་འཐབ་མོ་བ་ཁི་ལིས་ཧྭའི་ཁྱིམ་རྒྱུད་ཀྱི་འཐུས་མི། སྨན་པ་ཁི་ལིས་ཧྭ་རྗེས་དྲན་ཨུ་ཡོན་ལྷན་ཁང་། རྒྱ་གར་རྒྱལ་སྤྱི་སློབ་གྲྭ་ཆེན་མོའི་ཀྲུང་གོ་སློབ་གླིང་། རྒྱ་གར་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས། རྒྱ་གར་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མའོ་ཧ་ཕ་ཐི་ལ། ཨན་ཏེ་ལ་པང་གི་རྒྱ་གར་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་པོ་ལོས་ཏིས་བཅས་རེད། ཞི་ཅིན་ཕིང་གིས་ཁོ་ཚོ་དང་རེ་རེ་བཞིན་ཕྱག་འཇུ་གནང་བ་དང་སྙིང་ཉེ་བའི་འཚམས་འདྲི་མཛད། ཞི་ཅིན་ཕིང་གིས་ཁོ་ཚོས་དུས་ཡུན་རིང་པོར་ཀྲུང་གོ་དང་རྒྱ་གར་གྱི་མཛའ་མཐུན་ལས་དོན་ཐད་བྱས་རྗེས་གལ་ཆེན་བཞག་པར་གདེང་འཇོག་ཚད་མཐོན་པོ་གནང་བར་མ་ཟད། ཁོ་ཚོ་བརྒྱུད་དེ་ཀྲུང་གོ་དང་རྒྱ་གར་གྱི་མཛའ་མཐུན་ལས་དོན་ཐད་ལ་འབད་བརྩོན་བྱེད་བཞིན་པའི་རྒྱ་གར་གྱི་ལས་རིགས་ཁག་གི་མི་སྣར་གུས་འདུད་ཞུས་བ་མཚོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1