ཞི་ཅིན་ཕིང་གིས་ཞང་ཀང་བཟོ་ཚོང་ལས་རིགས་དང་ཆེད་ལས་ལས་རིགས་ཀྱི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-24


               སྤྱི་ཟླ་9པའི་ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏུང་ཅན་ཧྭ་ཚོགས་གཙོ་ཡིན་པའི་ཞང་ཀང་བཟོ་ཚོང་ལས་རིགས་དང་ཆེད་ལས་ལས་རིགས་ཀྱི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

               རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་རྒྱུར། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་ལས་དོན་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་ནི་ཞང་ཀང་སྤུན་ཟླ་འདུས་པའི་ཀྲུང་ཧྭའི་བུ་བུ་མོ་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། ཕྱི་ནས་ཡོང་བའི་མ་དངུལ་གཏོང་མཁན་གྱི་ཁེ་ཕན་དང་ཡང་མཐུན། ཞང་ཀང་གི་དོན་དག་བཟང་པར་སྒྲུབ་དགོས་ན། གཙོ་བོར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་གོ་བ་ལེན་པ་དང་དེ་ལག་ལེན་མཐར་ཕྱིན་བྱས་ནས། གཞི་རྩའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བསྟན།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1