ཨོ་པཱ་མ་ཡིས་རྒྱལ་ཁབ་སོ་སོས་མཉམ་འབྲེལ་སྒོས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱ་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-26


                           སྤྱི་ཟླ་9པའི་ཚེས་23ཉིན། ཨ་མེ་རི་ཁའི་སྲིད་འཛིན་ཨོ་པཱ་མ་ཡིས་བསྟན་དོན། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཕན་ཚུན་བར་གྱི་བཀག་རྒྱ་ཁྱད་དུ་གསད་ནས་མཉམ་དུ་ནམ་ཟླའི་འགྱུར་ལྡོག་སྟེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་དེ་ཐག་གཅོད་བྱ་དགོས་ཞེས་གསུངས།

                          ཨོ་པཱ་མ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཚོགས་ཆེན་སྟེང་། ནམ་ཟླའི་འགྱུར་ལྡོག་གི་མྱུར་ཚད་དེ་མིའི་རིགས་ཀྱི་ཐག་གཅོད་ཤུགས་ཚད་ལས་བརྒལ་བཞིན་ཡོད་པས། རྒྱལ་ཁབ་སོ་སོས་ཐཱན་རྫས་ཉུང་འདོན་དམ་འཛིན་བྱས་ཏེ། ལྡོག་ཐབས་མེད་པའི་ནམ་ཟླའི་གནོད་པ་འབྱུང་བར་སྔོན་འགོག་བྱ་དགོས་པ་དང་། གནད་དོན་དེ་རྒྱལ་ཁབ་སུས་ཀྱང་སྣང་མེད་དུ་བསྐྱུར་མི་རུང་ཞེས་ནན་གྱིས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1