ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམསས་ཚོགས་ཀྱི་གཞུང་ཕྱོགས་དྲ་བ་ཤར་གཏོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-26


                      སྤྱི་ཚེས་22ཉིན་གྱི་ཐོ་རེངས་སྐབས་སུ། སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམསས་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་WWW.tibetexpo.cn དེ་ཤར་གཏོང་བྱས་ནས་བེད་སྤྱོད་གཏོང་འགོ་ཚུགས་ཡོད།

                       བོད་རྒྱ་དབྱིན་གསུམ་གྱི་སྐབས་དང་པོའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམསས་ཚོགས་ཀྱི་གཞུང་ཕྱོགས་དྲ་རྒྱ་དེར་གཙོ་བོ་བོད་ལྗོངས་འགྲེམསས་ཚོགས་ཀྱི་གནས་ཚུལ་རགས་བསྡུས་དང་། བོད་ལྗོངས་འགྲེམསས་ཚོགས་ཀྱི་གནས་ཚུལ་གསར་པ། འགྲེམསས་ཁུལ། ཁྱད་ལྡན་འགྲེམསས་ཁུལ། པར་རིས་གསལ་བཤད་ཀྱི་འགྲེམསས་ཚོགས། ཡུལ་སྐོར་རིག་གནས། ཞབས་ཞུའི་ཕྱོགས་སྟོན་བཅས་ཁག་ཆེ་བ་བདུན་ལས་གྲུབ་པ་དང༌། དེའི་ཐོག་གསར་འགྱུར་གཏོང་སྤེལ་དང་ཆ་འཕྲིན་ཞབས་ཞུ། པར་རིས་འགྲེམསས་སྟོན་སོགས་ཀྱི་ནང་དོན་མཁོ་འདོན་བྱས་ཡོད་པ་དང་འགྲིམ་འགྲུལ་དང་། ཞག་སྡོད། ཡུལ་སྐོར། ཟས་རིགས་སོགས་ཀྱི་ཆ་འཕྲིན་བློ་འདྲི་བྱེད་ཆོག་པ་མ་ཟད་ཆེད་སྒྲིག་ལེ་ཚན་མང་པོ་བཏོན་ནས་བོད་ཀྱི་རིག་གནས་ཐོན་ཁུངས་གལ་ཆེན་ངོ་སྤྲོད་བྱེད་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1