ཁམས་པའི་ལྷ་རིས་པ་གཉིས་ཀྱི་ཐང་ག་བཞི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


           ཉེ་ཆར། རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་གིས་རྡོར་ལུགས་དང་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་བཞི་ཉར་ཚགས་བྱས་པ་རེད། ཉར་ཚགས་བྱས་པའི་ཐང་ག་སོ་སོ་ནི་དཀར་མཛེས་ཀྱི་ཉན་ཤུལ་རྡོ་རྗེ་དོན་གྲུབ་ཀྱིས་བཞེངས་པའི་རྡོར་ལུགས་ཀྱི་ཐང་ག་ཤཱཀྱ་ཐུབ་པ་དང་སྒྲོལ་མ་རིགས་ལྔ།སྒྲོལ་ལྗང་དང་། ཆབ་མདོའི་བསྟན་དགས་བཞེངས་པའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་སྤྱན་རས་གཟིགས་བཅས་ཡིན།

          ཉན་ཤུལ་རྡོ་རྗེ་དོན་གྲུབ་ནི་ཁམས་ཁུལ་མི་ཉག་ནས་ཡིན་པ་དང་རྡོར་ལུགས་ཐང་གའི་གསར་གཏོད་པ་རེད། ཁོང་གིས་སྨན་ཐང་དང་ཀརྨ་སྒར་བྲིས་ལུགས་ཀྱི་ཉམས་འགྱུར་དང་རྩལ་ནུས་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་རྡོར་ལུགས་ཀྱི་ཁྱད་ཆོས་གསར་པ་གཏོད་དེ་བོད་རྒྱ་དང་། གནའ་དེང་། ཆོས་ལུགས་དང་དམངས་སྲོལ་བཅས་ཀྱི་སྒྱུ་རྩལ་གཞི་རྒྱུ་གཅིག་ཏུ་བསྡུས་ཡོད། བསྟན་དགའ་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་ཀརྨ་སྒར་བྲིས་ཐང་ག་བཞེངས་མཁན་ཁྱིམ་རྒྱུད་ནས་ཡིན་པ་དང་། ཁོང་གི་བརྩམས་ཆོས་ལ་རྒྱ་གར་གྱི་སྐུ་བརྙན་གྱི་བཟོ་དབྱིབས་དང་། རྣམ་པ། དེ་བཞིན་ནང་སའི་སྣག་རིས་ཆུ་ཚོན་རི་མོའི་གཞི་རྒྱུ་བསྡུས་པའི་ཁྱད་ཆོས་ལྡན་ནོ།  །

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1