༄༅། །བོད་སྨན་ངོ་སྤྲོད། ༼༢༽

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28



རིན་ཆེན་གྲང་སྦྱོར།

སྦྱོར་སྡེ།  བཙོ་ཐལ།  གསེར་ཐལ།   བྱུ་རུ།   མུ་ཏིག་ལ་སོགས་སྨན་སྣ་བརྒྱ་ལྷག་གིས་གྲུབ།
ཕན་ནུས།  ཚད་རྙིང་སྨུག་པོ་ངན་ཁྲག་རྒྱས། །གློ་མཆིན་དོན་སྣོད་ཚད་པ་གབ། །བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ། །གཅོང་ནད་དམུ་འོར་སྐྱ་རྦབ་སྐྲན། །མཆིན་ནད་རྣམས་ལ་མཆོག་ཏུ་བསྔགས། །ཁྱད་པར་འདུས་ནད་སྨུག་པོ་དང་། །སྦྱར་དང་གྱུར་སོགས་དུག་རིགས་ཀུན། །ཕོ་མཆིན་ཚད་པའི་ནད་རྣམས་དང་། །མཛེ་ནད་འབྲས་དང་གཉན་ལྷོག་སོགས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ། །ནད་མེད་མི་ལ་བཅུད་ལེན་འགྱུར༎ 
བསྟེན་ཚུལ།  ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་རེ་ཆུ་བསྐོལ་ནང་སྦངས་ལ་ཐོ་རེངས་དུས་སུ་བསྟེན་པའམ་ཡང་ན་སྨན་པའི་མངག་བཞིན་བསྟེན་པར་བྱ།
འཛེམ་བྱ། མ་ཚོས་རྗེན་དང་ཁེང་པོའི་ཟས་རྣམས་དང་།  །རི་སྒོག་ཆང་སྐྱུར་ལ་སོགས་སྤང་བར་བྱ༎ 
ལྗིད་ཚད།  རིལ་བུ་རེ་ལ་ཁེ་1དང་ཐུམ་རེར་རིལ་བུ་5ཡོད
ཉར་ཚགས།  སྣོད་ཀྱི་ཁ་བཅད་དེ་བསིལ་གྲིབ་ལྡན་པའི་སྐམ་སར་འཇོག་དགོས།


རིན་ཆེན་མང་སྦྱོར།
སྦྱོར་སྡེ། ལྕགས་རྩི། བཙོ་ཐལ། གཡུ་རྙིང་། བྱུ་རུ ། མུ་མེན་སོགས་སྨན་སྣ་མང་པོས་གྲུབ། 
ཕན་ནུས།  སྦྱར་དུག་གྱུར་དུག་རང་བཞིན་དངོས་ཀྱི་དུག །ཉི་ཟེར་རེག་དུག་ལ་སོགས་དུག་རིགས་ཀུན། །མ་ཞུ་གླང་ཐབས་ཁྲག་མཁྲིས་བད་སྨུག་དང་། །ཚད་རྙིང་རྨ་རིགས་དམུ་འོར་མཛེ་འབྲས་འཇོམས༎ 
བསྟེན་ཚུལ།  ཉིན་རེར་ཐེངས་གཅིག    ཐེངས་རེར་རིལ་བུ་རེ་ཆུ་བསྐོལ་ནང་སྦངས་ལ་ཐོ་རེངས་དུས་སུ་བསྟེན་པའམ་ཡང་ན་སྨན་པའི་མངག་བཞིན་བསྟེན་པར་བྱ།
འཛེམ་བྱ། མ་ཚོས་རྗེན་དང་ཁེང་པོའི་ཟས་རྣམས་དང་།  །རི་སྒོག་ཆང་སྐྱུར་ལ་སོགས་སྤང་བར་བྱ༎ 
ལྗིད་ཚད།  རིལ་བུ་རེ་ལ་ཁེ་1དང་ཐུམ་རེར་རིལ་བུ་5ཡོད།
ཉར་ཚགས།  སྣོད་ཀྱི་ཁ་བཅད་དེ་བསིལ་གྲིབ་ལྡན་པའི་སྐམ་སར་འཇོག་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1