སྨན་བླ་སྐྱབས་ཀྱིས་འཚོལ་སྡུད་བྱས་པའི་《བོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ།》ཕྱིར་འགྲེམ་བྱེད་ལ་ཉེ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-29


《བོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ།》

                   བོད་ཀྱི་སྒྱུ་རྩལ་པ་མིང་གྲགས་ཅན་སྨན་བླ་སྐྱབས་ཀྱིས་གཙོ་སྒྲིག་གནང་བའི་《བོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ།》འགྲེམ་སྤེལ་བྱེད་ལ་ཉེ་ཞིང་། དཔེ་དེབ་འདིའི་ནང་《བསླབ་བྱ་དང་ལེགས་བཤད།》《གསལ་བྱེད་སུམ་ཅུ།》《རེས་གཟའ་བདུན་པོ་གཟའ་འཁོར་གཅིག》 《དུས་བཞིའི་གླུ།》《རི་བོང་བློ་ལྡན།》སོགས་བྱིས་པའི་གླུ་གཞས་25འདུས།

《བོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ།》

                གཙོ་སྒྲིག་པ་སྨན་བླ་སྐྱབས་ཀྱིས་མཚམས་སྦྱོར་གནང་བ་ལྟར་ན། དཔེ་དེབ་འདིའི་ནང་ཨ་མདོ་ས་ཁུལ་གྱི་བྱིས་གླུ་ཕལ་ཆེ་བ་འདུས་ཤིང་། ཁོས་ལོ་ངོ་གསུམ་བཞི་ལྷག་གི་དུས་ཚོད་བེད་སྤྱད་དེ་འཚོལ་སྡུད་དང་ལེགས་སྒྲིག་བྱས་པའི་གྲུབ་འབྲས་ཡིན་པ་དང་། བོད་རིགས་བྱིས་པ་རྣམས་ཀྱིས་བྱིས་གླུ་ལེན་པ་མ་ཟད། བྱིས་གླུའི་མཛེས་ཉམས་རོལ་མྱོང་བྱ་རྒྱུ་དང་། བྱིས་གླུ་བརྒྱུད་དེ་དཔལ་ཡོན་ལྡན་ཞིང་ཤེས་བྱ་མི་དམན་པ་ཐོབ་པར་སྨོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1