རྒྱ་གར་གྱི་ཙུང་ལིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་བར་བསམ་བློ་གཏོང་རྒྱུ་ཡིན་པར་བཤད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-29


                       ཚེས་27ཉིན། རྒྱ་གར་གྱི་ཙུང་ལི་མའོ་ཏིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་69པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུར་ཞུགས་སྐབས་བསྟན་དོན། ཉེ་འཁོར་རྒྱལ་ཁབ་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དེ་རྒྱ་གར་སྲིད་གཞུང་གིས་ཐོག་མར་བསམ་བློ་གཏོང་བའི་གནད་དོན་ཞིག་ཡིན་ཟེར།

                       མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་69པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་སྤེལ་ནས་ཉིན་བཞི་འགོར། མའོ་ཏིས་ཀྱིས་བཤད་རྒྱུར། རྒྱ་གར་གྱིས་ཞི་བདེ་དང་བརྟན་འཇགས་ཀྱི་འཕེལ་རྒྱས་ཁོར་ཡུག་ཅིག་ཐོབ་པར་རེ་བ་བྱས་ཡོད་པ་དང་། རྒྱལ་ཁབ་ཅིག་གི་ལས་དབང་དེ་ཁྱིམ་མཚེས་རྒྱལ་ཁབ་དང་དམ་དུ་འབྲེལ་ཡོད། དེ་ནི་ང་ཚོས་ཅིའི་ཕྱིར་སྲིད་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་བརྩེ་དང་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་ཐོག་མར་བསམ་བློ་གཏོང་བའི་རྒྱུ་རྐྱེན་ཡིན་ཟེར། མའོ་ཏིས་ཀྱིས་བསྟན་དོན། དེའི་ནང་ཕ་ཀི་སི་ཐན་ཡང་འདུས་ཡོད་ཟེར།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1