«ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་གཏམ་བརྗོད།»ཅེས་པའི་དཔེ་ཆ་སྐད་རིགས་མང་པོར་བསྒྱུར་ནས་དཔེ་སྐྲུན་དང་འགྲེམ་སྤེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-29


              རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཀྲུང་དབྱང་ཚད་ལྡན་ཡིག་རིགས་ཞིབ་འཇུག་ཁང་། ཀྲུང་གོ་ཕྱིའི་སྐད་ཡིག་ཅུའུ་བཅས་ཀྱིས་རྩོམ་སྒྲིག་བྱས་པའི་«ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་གཏམ་བརྗོད།»ཅེས་པའི་དཔེ་ཆ་དེ་ཉེ་ལམ་ཕྱིའི་སྐད་ཡིག་ཅུའུ་ཡིས་རྒྱ་ཡིག་དང་དབྱིན་ཇི། ཧྥ་རན་སུ། ཨུ་རུ་སུ། ཨ་རབ། སི་ཕེན། ཕོར་ཐི་གལ། འཇར་མན། འཇར་པན་བཅས་ཀྱི་སྐད་ཡིག་མང་པོར་བསྒྱུར་ནས་དཔེ་སྐྲུན་དང་འགྲེམ་སྤེལ་བྱས།

              «ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་སྐོར་གྱི་གཏམ་བརྗོད།»ཅེས་པའི་དཔེ་ཆ་སྐད་ཡིག་མང་པོར་བསྒྱུར་ནས་དཔེ་སྐྲུན་དང་འགྲེམ་སྤེལ་བྱས་པ་དེ་བློ་མཐུན་ཞི་ཅིན་ཕིང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་དང་སྲིད་སྐྱོང་བྱེད་ཕྱོགས་ཕྱོགས་ཡོངས་ནས་འགྲེལ་བཤད་བྱས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་འདུ་ཤེས་དང་འཕེལ་རྒྱས་བགྲོད་ལམ། ཕྱི་ནང་གི་སྲིད་ཇུས་བཅས་ལ་ངོས་འཛིན་བྱེད་པ་དང་གོ་བ་ཟབ་མོ་ལེན་པར་དོན་སྙིང་གལ་ཆེན་ལྡན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1