ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གཞི་དེ་ཟླ་10པའི་ནང་ཚོད་ལྟའི་ངང་གློག་གཏོང་ཐུབ་རེ་ཡོད།

ཤེས་བྱ། རྩོམ་སྒྲིག་པ།ཤེས་བྱ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 10-08


                    ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གཞིའི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་ཁྲོན་བོད་དྲ་སྦྲེལ་ལས་གཞིར་རྒྱུན་གཏན་ལྟར་ཨར་སྐྲུན་བྱེད་བཞིན་ཡོད་པ་དང་། ལས་གཞི་འཛུགས་སྐྲུན་གྱི་ལྷུ་ཚིགས་ཁག་ནང་ཁྱོན་མི་གྲངས་6872ཞུགས་ཡོད་ཅིང་། ཟླ་10པའི་ཟླ་སྨད་དུ་ཚོད་ལྟའི་ངང་གློག་གཏོང་ཐུབ་རེ་ཡོད་པ་རེད།
                  ལས་གཞིའི་བཀོད་འདོམས་པུའུ་ཡི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་ལས་གཞི་ལག་བསྟར་བྱེད་རིང་གསར་དུ་བསྐྲུན་པའི་སྟོང་ཧྥུ་500ཡོད་པའི་འབའ་ཐང་དང་ཆབ་མདོའི་གློག་སྒྱུར་ས་ཚིགས་2དང་སྟོང་ཧྥུ་220ཡོད་པའི་སྤང་མདའ་དང་གཡུ་ལུང་གློག་སྒྱུར་ས་ཚིགས་2ཀྱི་གློག་ཤུགས་སྒྲིག་སྦྱོར་བྱེད་ཚད་དེ་ལས་གཞི་ཆ་ཚང་གི་95%ཡན་ལེགས་གྲུབ་ཟིན་ཡོད། ལས་གཞི་ཞིབ་བཤེར་རྩིས་ལེན་ལས་དོན་འགོ་ཚུགས་པ་དང་། ལས་ཡུལ་ནས་བྲལ་རྒྱུའི་ལས་དོན་བཀོད་སྒྲིག་ཟིན་པ། ཁྲོན་བོད་དྲ་སྦྲེལ་ལས་གཞི་སྐྲུན་མཇུག་འགྲིལ་ཉེར་ཡོད་པ་རེད།
                 ཁྲོན་བོད་དྲ་སྦྲེལ་ལས་གཞི་བསྐྲུན་ཟིན་རྗེས་བོད་ཀྱི་ཆབ་མདོ་དང་སི་ཁྲོན་དཀར་མཛེས་སོགས་ས་ཆར་ཡུན་རིང་གློག་དཀོན་པའི་གནད་དོན་ཚད་གཞི་མཐོ་པོས་ཐག་གཅོད་ཐུབ་སྟེ་བོད་ལྗོངས་དང་སི་ཁྲོན་སོགས་ས་ཆའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་མ་ཐེབས་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1