ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་དྲུག་པ་པེ་ཅིང་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-08


             ཟླ་9ཚེས་28ཉིན་ནས་ཚེས་29ཉིན་བར། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐེངས་དྲུག་པ་པེ་ཅིང་དུ་འཚོགས།
 
               ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་རང་རྒྱལ་གྱི་མི་རིགས་ལས་དོན་ཐད་ལྷག་པའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་དབྱེ་ཞིབ་དང་། མིག་སྔར་དང་འབྱུང་འགྱུར་གྱི་དུས་ཡུན་ངེས་ཅན་ནང་གི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་སྲིད་ཇུས་རྒྱས་བཤད་གཏིང་ཟབ་པོ་གནང་། 
 
                   ལི་ཁེ་ཆང་གིས་མི་རིགས་ས་ཁུལ་འཕེལ་རྒྱས་དང་། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པའི་ཐད་གསུང་བཤད་གནང་། ཡུས་ཀྲེན་ཧྲེང་གིས་ཚོགས་འདུ་མཇུག་སྒྲིལ་སྐབས་སྡོམ་ཚིག་གསུང་བཤད་བཅས་གནང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1