མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་ངོ་30འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོ་འགྲེམ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-08


                 མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་ངོ་30འཁོར་བའི་སྐབས་སུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ཚན་པས་ཐུན་མོང་ཐོག་གཉེར་བའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ནས་ལོ་ངོ་30འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམ་སྟོན་དེ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་རྒྱལ་ཁའི་ངང་མཇུག་སྒྲིལ། 

                 འགྲེམ་སྟོན་དེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཙུགས་པ་ཞེས་པ་དང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དར་རྒྱས་གོང་འཕེལ་ཞེས་པ། མི་རིགས་མཐུན་སྒྲིལ་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་ཞེས་པ་བཅས་ཁག་གསུམ་དུ་དབྱེ་ཡོད། ནང་སོག་རང་སྐྱོང་ལྗོངས་དང་། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས། བོད་རང་སྐྱོང་ལྗོངས། ཉིང་ཤ་ཧུའེ་རིགས་རང་སྐྱོང་ལྗོངས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཅས་ཀྱིས་ཁག་སོ་སོར་འགྲེམ་ཁུལ་བཙུགས་ནས་འགྲེམ་ཁང་ཆེན་པོ་གསུམ་གྱི་ནང་བགོས་ཡོད་པ་རེད།

                  དུས་ཡུན་གཟའ་འཁོར་གཅིག་གི་བརྗོད་དོན་གཙོ་བོའི་འགྲེམ་སྟོན་གྱིས་ལོ་ངོ་30ཡི་རིང་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་ཕྱོགས་ཁག་གི་འཛུགས་སྐྲུན་ཐད་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་ཡོད་པས། འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་65འཁོར་བར་འབུལ་བའི་ཕྱག་རྟགས་ཆེན་པོ་ཞིག་ཡིན།

 
                  རང་སྐྱོང་ལྗོངས་ལྔའི་འགྲེམ་ཁུལ་ཁག་ལ་རང་སོའི་ཁྱད་ཆོས་ལྡན་པ་དང་རང་ངོས་ཀྱི་བཟང་ཆ་མངོན་པར་བྱས་ཡོད་ཅིང་། ལྟ་ཕྱོགས་མི་འདྲ་བའི་ཐོག་ནས་མི་རིགས་ས་ཁུལ་གྱི་བརྗིད་ཉམས་ཆེ་བའི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས། སྣ་མང་ཕུན་སུམ་ཚོགས་པའི་གྲངས་ཉུང་མི་རིགས་ཀྱི་རིག་གནས། མི་རིགས་རང་སྐྱོང་ལྗོངས་ཀྱི་མཆོངས་བརྒལ་ལྟ་བུའི་གོང་འཕེལ་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས། དེ་བཞིན་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་ཐུབ་པ་བྱེད་པའི་རྒྱལ་ཁ་གསར་པ་ལེན་པའི་སྲ་ཞིང་བརྟན་པའི་ཆོད་སེམས་མངོན་པར་བྱས་ཡོད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1