ལི་ཁེ་ཆང་འཇར་མན་གྱི་རྒྱལ་ས་བྷིར་ལིན་དུ་འབྱོར་ནས་དངོས་སུ་རྒྱལ་དོན་མཚམས་འདྲི་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-10


                 སྤྱི་ཟླ་10པའི་ཚེས་9ཉིན་གྱི་ཕྱི་དྲོར། འཇར་མན་གྱི་ཙུང་ལི་མའོ་ཁིར་གྱིས་གདན་ཞུས་གནང་བ་ལྟར། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་འཇར་མན་གྱི་རྒྱལ་ས་བྷིར་ལིན་གྱི་ཐའེ་གིར་དམག་སྤྱོད་འབབ་ཐང་དུ་བདེ་འབྱོར་བྱུང་ནས། འཇར་མན་ལ་དངོས་སུ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས།

                ལི་ཁེ་ཆང་གིས་བསྟན་དོན། ད་ལོའི་ཟླ་3པར། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ནས་འཐབ་ཇུས་ཟླ་གྲོགས་ཀྱི་འབྲེལ་བ་དུས་རིམ་གསར་པ་ཞིག་ཏུ་བསྐྱེལ་ཡོད། མིག་སྔར། རྒྱལ་ཁབ་གཉིས་ཀྱི་རིམ་པ་ཁག་གི་འབྲེལ་བ་དམ་ཟབ་ཡིན་ལ། མཉམ་འབྲེལ་བྱེད་ཤུགས་དང་ཁྱབ་ཁོངས་ཀྱང་སྔར་མེད་ཀྱི་ཆུ་ཚད་ལ་སླེབས་ཡོད། འཇར་མན་གྱི་དབུ་ཁྲིད་དང་མཉམ་དུ་ཕྱོགས་གཉིས་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐོག་ཕན་ཚུན་བསམ་འཆར་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། འཐབ་ཇུས་ཡིད་རྟོན་ཆེར་གཏང་བ། དཔལ་འབྱོར་ཉོ་ཚོང་དང་གསར་གཏོད་སོགས་ཀྱི་ཁྱབ་ཁོངས་སོ་སོ་ནས་དུས་ཡུན་རིང་པོར་མཉམ་འབྲེལ་བྱེད་པའི་འཆར་གཞི་འགོད་པ། དམངས་ཁྲོད་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏང་བ་བཅས་བྱས་ནས། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་ཞིག་སྐྲུན་འདོད་ཡོད་ཅེས་གསུངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1