ཆུ་ཆེན་རྫོང་གིས་སྐབས་དྲུག་པའི་ཆང་བ་ལིའི་མེ་ཏོག་དུས་སྟོན་སྤེལ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-20



        ཟླ་3པའི་ཚེས་16ཉིན། 2019ལོའི་སི་ཁྲོན་མེ་ཏོག་གི་སྐྱེ་ཁམས་ལྗོངས་སྐོར་དུས་ཆེན་གྱི་ཡན་ལག་ཚོགས་ར་དང་ཆུ་ཆེན་རྫོང་གི་སྐབས་དྲུག་པའི་ཆང་བ་ལིའི་མེ་ཏོག་དུས་སྟོན་ཆུ་ཆེན་རྫོང་དུ་དངོས་སུ་མགོ་བརྩམས་བྱུང་།

        ཆང་བ་ལིའི་མེ་ཏོག་དུས་སྟོན་གྱི་འགོ་ཚུགས་མཛད་སྒོར། སྐད་གྲགས་ཆེ་བའི་གླུ་མ་འཇམ་དབྱངས་སྒྲོལ་མ་དང་གླུ་བ་གཡུང་དྲུང་རྒྱལ། ཡ་ཏུང་སོགས་ཀྱིས་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་བྱས་པ་དང་། གླུ་གར་འཁྲབ་སྟོན་དང་དུས་མཚུངས་སུ་ཆུ་ཆེན་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམ་ཚོང་དང་ཁྱད་ལྡན་ཟས་ཞིམ་གསོལ་སྟོན་ཆེན་མོ་བཤམ་སྟོན་བྱས།


        ཟླ་3པའི་ཟླ་དཀྱིལ་ནས་ཟླ་4པའི་ཟླ་སྟོད་བར་དུས་ཡུན་ཟླ་གཅིག་ཙམ་ལ་ཆང་བ་ལིའི་མེ་ཏོག་གི་ཡིད་དུ་འོང་བའི་མཛེས་སྡུག་མིག་གི་དགའ་སྟོན་དུ་འདྲེན་ཆོག དེའི་སྐབས་སུ། འཇིག་རྟེན་ཕྱི་རོལ་གྱི་ཆང་བ་ལིའི་ཞིང་ཁམས་ཞེས་པའི་པར་ལེན་བྱེད་སྒོ་དང་3V3་མི་གསུམ་ཅན་གྱི་ལྒང་འཕེན་འགྲན་སྡུར། ལྕགས་རྟ་ཞོན་པའི་ལྗོངས་སྐོར་འགྲན་སྡུར་སོགས་རྣམ་པ་ཕུན་སུམ་ཚོགས་པའི་བྱེད་སྒོ་མང་པོ་སྤེལ་བ་དང་སྤེལ་རྒྱུ་རེད།
        རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཆུ་ཆེན་རྫོང་ཨུ་སྲིད་གཞུང་གིས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། གྲོང་གསེབ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལ་དམ་པོར་དམིགས་ཏེ། ཤུགས་ཆེན་པོས་ཆུ་ཆེན་རྫོང་གི་རིག་གནས་ལྗོངས་སྐོར་གྱི་ཐོན་ཁུངས་དྲིལ་བསྒྲགས་བྱས་ཤིང་། རྒྱུན་མཐུད་ངང་ཆུ་ཆེན་ཆང་བ་ལིའི་མེ་ཏོག་གི་ལྗོངས་སྐོར་གྱི་སྤུས་རྟགས་ཁྱབ་གདལ་བཏང་ནས། ཀྲུང་གོའི་མཛེས་སྡུག་ལྡན་པའི་ཞིང་སྡེ་དང་རྔ་བའི་འབྲི་ཆུའི་ལྷོ་རྒྱུད་བཅས་ཀྱི་མཚན་སྙན་ཀུན་ཏུ་རྒྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1