བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པའི་གྲོང་ཚོ་ཨང་དང་པོའི་རང་དབང་དང་ཡིད་སྨོན།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 03-21


    ཁེ་གསུམ་གྲོང་ཚོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་དུ་གནས་ཡོད་ཅིང་།  བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་གྲོང་ཚོ་ཨང་དང་པོ་དེ་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་ཐོག་གི་གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའུ་ཨང་དང་པོ་དང་། མི་དམངས་ཀུང་ཧྲེ་ཨང་དང་པོ། ཞིང་པའི་མཐུན་ཚོགས་ཨང་དང་པོ་བཅས་བཙུགས་པས།  ད་བར་“དམར་པོའི་ས་ཆ”ཞེས་འབོད་ཀྱི་ཡོད་པ་རེད། 
     ད་ཆའི་ཁེ་གསུམ་གྲོང་ཚོའི་ནང་འགྲོ་ལམ་བདེ་ཞིང་། ཚོང་ཁང་མང་བ་དང་།  བོད་ཁང་སྟར་པ་རེ་རེ་བཞིན་བརྒྱབ་ཡོད་པ་དེ་དག་ཚང་མ་ལས་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་།  དེང་རབས་དང་འབྱོར་ཕྱུག་ལྡན་པ་ཞིག་མངོན་གྱི་ཡོད། ཇ་ཁང་ནང་དུ་མི་རྣམས་ཀྱིས་ཁ་བརྡ་གློད་པ་དང་དགོད་སྒྲས་ཁེངས་ཤིང་ཡོད་ལ་མཚམས་རེར་རྡོ་སྒོར་རྒྱབ་ནས་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་བཞིན་ཡོད་པ་རེད།
     བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཁེ་གསུམ་གྲོང་ཚོར་ཁེ་གསུམ་གཞིས་ཀ་ཞེས་འབོད་ཀྱི་ཡོད།  དེ་ནི་བོད་རྙིང་བའི་ཞིང་བྲན་བདག་པོ་ཟུར་ཁང་དབང་ཆེན་དགེ་ལེགས་ཀྱི་ལྷོ་ཁའི་གཞིས་ཀ་ཆེ་གྲས་དྲུག་ནང་གི་གཅིག་ཡིན་པ་རེད། གཞིས་ཀའི་ནང་ཞིང་བྲན(ཁྲལ་པ་དང་།  དུད་ཆུང་། ནང་བཟན་བཅས་གསུམ་དུ་དབྱེ་བ)དུད་ཁྱིམ་59དང་། བྲན་གཡོག་302ཡོད། ལོ་ལྟར་གཞིས་བདག་ལ་ལས་ཀ་བྱེད་པ་དང་། ཁྲལ་རྒྱུག་དགོས་ཀྱི་ཡོད་ལ་གནས་བབ་ཧ་ཅང་དམའ་པོ་ཡོད་པ་མ་ཟད།  ལོ་ལྟར་གོས་ཀྱིས་རྒྱབ་མི་ཁེབས་།  ཟས་ཀྱིས་ལྟོ་མི་འགྲང་བའི་ཡིད་སྐྱོ་བའི་འཚོ་བ་སྐྱེལ་བཞིན་ཡོད།    
     1959ལོའི་ཟླ་5པར། ཁེ་གསུམ་གྲོང་ཚོ་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག  དམངས་གཙོའི་བཅོས་སྒྱུར་ཨང་དང་པོར་བྱས་པ་དང་། བོད་ཀྱི་ལོ་རྒྱུས་ཐོག་གི་གྲོང་གསེབ་ཏང་ཀྲི་པུའུ་ཨང་དང་པོ་བཙུགས་ནས། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པའི་གྲོང་ཚོ་ཨང་དང་པོར་གྱུར་པ་རེད།  
     དུས་ཐུང་ལོ་བཅུ་ཕྲག་འགའ་ཞིག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ནས། ཁེ་གསུམ་གྲོང་ཚོའི་འགྱུར་ལྡོག་ཆེན་པོ་ལས་བོད་ལྗོངས་འཕེལ་རྒྱས་ཀྱི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་གསལ་བཤད་བྱས་ཡོད།

     ཁེ་གསུམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་ཚེ་རིང་གིས། 2017ལོར་ཁེ་གསུམ་གྲོང་ཚོའི་མང་ཚོགས་དབུལ་པོ་ཚང་མ་དབུལ་སྒྲོལ་བྱུང་ནས་དབུལ་ཞྭ་འབུད་ཟིན་པ་དང་།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལམ་བུའི་ཐོག་བསྐྱོད་ནས་"དེ་སྔའི་ནང་བཟན་རྣམས་དཔེ་ཆ་བར་འགྱུར་བའི་"ཡིག་རྨོངས་སེལ་བའི་ལས་དོན་ཐོག་མར་སྤེལ་ཡོད།  ཕྱིན་ཆད་ད་དུང་སྔ་རྒྱུན་གཞིར་བཞག་ངང་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་སློབ་གྲྭར་བསྐྱོད་ནས་སློབ་གསོ་དང་ལེན་བྱེད་བཅུག་སྟེ་སྣོད་བཅུད་དཔལ་ཡོན་དང་གྲོང་ཚོ་དར་རྒྱས་ཆེད་ནུས་པ་གསོག་རྒྱུ་ཡིན་ཞེས་བཤད་པ་རེད།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1