༄༅། །མཚོ་ལྷོ་ཁུལ་གྱིས་བཅའ་ཁྲིམས་བཅུ་བསྐྱོད་ལ་བརྟེན་ནས་དྲུག་ལྔ་ཁྲིམས་ཁྱབ་ནན་ནན་ཏིག་ཏིག་གིས་སྤེལ་བར་ཁག་ཐེག་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-11


          ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲིམས་འཛིན་ཅུའུ་ཡིས་“བཅའ་ཁྲིམས་བཅུ་བསྐྱོད་”ལ་བརྟེན་ནས་“དྲུག་ལྔ་”ཁྲིམས་ཁྱབ་ཁྲིམས་སྐྱོང་བྱ་བ་ལེགས་པོ་སྤེལ་བར་ཁག་ཐེག་བྱས།

མཚོ་ལྷོ་ཁུལ་ཁྲིམས་འཛིན་ཅུའུ་ཡིས་“རྣམ་པ་གསུམ་”གྱི་འཛུགས་སྐྲུན་བྱེད་པའི་སྟེགས་བུ་བསུས་ཏེ། “བཅའ་ཁྲིམས་ལས་ཁུངས་སུ་བསྐྱོད་”པའི་བྱ་འགུལ་སྔར་ལས་འཐུས་ཚང་དུ་བཏང་ནས་། རིམ་པ་སོ་སོའི་ལས་ཁུངས་ཀྱིས་གཞུང་ཞབས་པ་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་ཁྲིམས་ལ་བརྟེན་ནས་གནད་དོན་དབྱེ་ཞིབ་བྱེད་པ་དང་། འཆར་འགོད་བཟོ་བ། ལས་དོན་སྒྲུབ་པ་བཅས་ཀྱི་ནུས་པ་མཐོར་འདེགས་སུ་སོང་ཡོད་པར་མ་ཟད། ད་དུང་སློབ་རྒྱུགས་ལེན་པ་དང་བསླབ་པ་དོན་གཉེར་བྱེད་པ། ཕྱོགས་བསྡུས་རང་བཞིན་ཀྱི་སློབ་སྦྱོང་བྱེད་པ། མི་སྒེར་ནས་རང་སྦྱོང་བྱེད་པ། གསབ་སྦྱོང་ལ་ཞུགས་པ། འཆད་ཁྲིད་ལ་ཉན་པ། ཟིན་བྲིས་འགོད་པ། མྱོང་ཚོར་འབྲི་བ། ཡིག་ཚགས་བཟོ་བ་སོགས་ནུས་ལྡན་གྱི་བྱེད་ཐབས་བཀོལ་ནས། རྨང་གཞིའི་བཅའ་ཁྲིམས་དང་། ཆེད་ལས་བཅའ་ཁྲིམས། ཁ་གཏད་བཅའ་ཁྲིམས་བཅས་ཀྱི་སློབ་སྦྱོང་སློབ་གསོ་བྱ་བར་ཤུགས་སྣོན་བྱས་ཏེ། “བཅའ་ཁྲིམས་ལས་ཁུངས་སུ་བསྐྱོད་པ”་སྔར་ལས་ཚད་ལྡན་ཅན་དང་རྒྱུན་ལྡན་ཅན་དུ་གྱུར།

            “བཅའ་ཁྲིམས་ཞིང་སྡེར་བསྐྱོད་པའི་”བྱ་བ་ནན་ནན་ཏིག་ཏིག་གིས་སྤེལ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཕྱོགས་ཡོངས་ནས་སྡེ་བ་རིམ་པའི་རྩ་འཛུགས་འཛུག་སྐྲུན་བཀོལ་སྤྱོད་བྱས་ཏེ། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་ཡི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་སྦྱོང་བྱས་ནས། ཚན་རྩལ་དང་། འཕྲོད་བསྟེན། རིག་གནས། བཅའ་ཁྲིམས་བཅས་བཞི་ཞང་སྡེར་བསྐྱོད་པ་དང་། “དམངས་གཙོ་ཁྲིམས་ལུགས་སྡེ་བ་”དང་“ཁྲིམས་ལུགས་དྲིལ་སྒྲོག་ལྟེ་གནས་”གཉིས་གསར་འཛུགས་བྱེད་པའི་བྱ་འགུལ་སྤེལ་ནས། ཡར་སྐུལ་སྒོས་རྩ་འཛུགས་འབྲེལ་ཡོད་ཀྱི་ལས་ཁུངས་ཁག་གིས་བཅའ་ཁྲིམས་སྤྱད་ནས་“ཁྱིམ་ཚང་བསྐྱོད་པ་ཟུང་གཉིས་”མཐུན་སྦྱོར་བྱས། བཅའ་ཁྲིམས་ཞབས་ཞུ་དང་། བཅའ་ཁྲིམས་རོགས་སྐྱོར་བྱེད་པ་དེ་རོང་འབྲོག་ཁུལ་སོགས་ཀྱི་ནུས་ཡོད་བྱེད་ཐབས་སྤྱད་དེ། རྩ་ཁྲིམས་སོགས་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བ་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་སློབ་གསོར་ཤུགས་སྣོན་བྱས། ལོ་ངོ་གཉིས་ཀྱི་རིང་ལ། ཁུལ་ཡོངས་ཀྱིས་གཅིག་གྱུར་རྩ་འཛུགས་སྒོས་ཞིང་སྡེ་འབྲོག་ཁུལ་གྱི་སྲིད་ཇུས་རྒྱ་བསྐྱེད་པ་དང་། བཅའ་ཁྲིམས་སྒྲོག་སྦྱོང་བྱ་འགུལ་ཐེངས་དྲུག་ལྷག་སྤེལ། དུས་མཚུངས་སུ། རོང་འབྲོག་མང་ཚོགས་ལ་ཁྲིམས་སློབ་པའི་དཔེ་ཆ་དཀོན་པ་སོགས་དངོས་ཡོད་ཀྱི་གནད་དོན་ཐག་གཅོད་ཆེད། རོང་འབྲོག་མང་ཚོགས་ལ་རོང་འབྲོག་དམངས་ཁྲིམས་ཤེས་བྱའི་ཀློག་དེབ་སོགས་ཁྲིམས་ཁྱབ་དཔེ་དེབ་ཁྲི་བརྒྱད་ལྷག་བསྐྱལ།

            “བཅའ་ཁྲིམས་སྡོད་ཁུལ་དུ་བསྐྱོད་པའི་”བྱ་འགུལ་ལ་སྔར་ལས་ལྷག་པར་ཤུགས་སྣོན་ཐོག ས་གནས་སོ་སོ་དང་། ལས་ཁུངས་སོ་སོའི་སྡོད་ཁུལ་དུ་སོང་ནས། “དམངས་གཙོ་ཁྲིམས་ལུགས་སྡོད་ཁུལ་”སོགས་གསར་འཛུགས་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་ལུགས་དཔེ་དེབ་བཀྲམས་པ་དང་། དྲིལ་སྒྲོག་སྟེགས་བུ་ལས་པ་མ་ཟད། མཁར་གྲོང་གནས་སྤོར་བྱ་བ་དང་སྡོད་ཁུལ་མང་ཚོགས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་དང་ཟུང་དུ་འབྲེལ་ཏེ་ཡོངས་ཁྱབ་ནས་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ།

             “བཅའ་ཁྲིམས་སློབ་རར་བསྐྱོད་པའི་”བྱ་འགུལ་སྔར་ལས་ལྷག་པར་སྲ་བརྟན་དུ་བཏང་བ། ན་གཞོན་སློབ་བུ་དག་ལ་བཅའ་ཁྲིམས་ཤེས་བྱ་ལེགས་པར་སྤེལ་ནས། ཁྲིམས་སྲུང་གི་གོམས་གཤིས་བཟང་བོ་ཞིག་སྐྱེད་སྲིང་བྱེད་ཆེད། སྔར་ལས་ལྷག་པའི་སྒོ་ནས་“འཆར་འགོད་དང་། དཔེ་དེབ། སློབ་ཐུན། དགེ་རྒན། ”བཅས་གཙོ་ཡིན་པའི་ནང་དོན་དག་འཐུས་སྒོ་ཇེ་ཚང་ལ་བཏང་བ་དང་སྦྲགས་དེའི་ཆར་གཏོགས་པའི་ཁྲིམས་ལུགས་སློབ་གསོའི་“མཐར་ཕྱིན་པ་བཞིའི་”སྒྲིག་ཁྲིམས་བཀོལ་སྤྱོད་བྱེད་པ་བརྒྱུད། སློབ་རའི་དྲ་རྒྱ་དང་རྒྱང་སྒྲོག ཚགས་པར། སྡེབས་ཚགས་སོགས་སློབ་རའི་ཁྲིམས་ལུགས་སློབ་གསོ་དངོས་ཡུལ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པར་མ་ཟད། ཉེས་ཅན་ལྟ་སྲུང་ཁང་ལ་ལྟ་སྐོར་བྱེད་པ་དང་དོགས་ཡོད་ཉེས་ཅན་གྱིས་གཏམ་གླེང་བྱེད་པའི་སློབ་གསོ་སོགས་ལ་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་ལག་ལེན་གྱི་བྱ་འགུལ་ཁྲོད་གཞོན་རབས་སློབ་མའི་ཁྲིམས་ལུགས་སློབ་གསོ་དམ་པོར་བཟུང་ཡོད།

             “བཅའ་ཁྲིམས་ཁེ་ལས་སུ་བསྐྱོད་པའི་”བྱ་འགུལ་སྔར་ལས་གཏིང་ཟབ་ཏུ་སྤེལ་བ། ཕྱོགས་བསྡུས་དང་ཕྱོགས་བསྡུས་མ་ཡིན་པ་དང་། ལས་རྐང་དུ་མ་ཞུགས་པའི་སྔོན་གྱི་གསོ་སྦྱོང་དང་ཞུགས་པའི་སྐབས་ཀྱི་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་ནས། འབྲེལ་ཡོད་བཅའ་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྒོས་སྤེལ་ཏེ། ཁེ་ལས་ཀྱི་ཚོང་གཉེར་དོ་དམ་མི་སྣས་ཁྲིམས་ལྟར་ཚོང་གཉེར་བྱེད་པའི་བློ་ཚད་དང་ལས་བཟོ་བས་ཁྲིམས་ལྟར་ཁེ་དབང་སྲུང་བའི་འདུ་ཤེས་མངོན་གསལ་གྱིས་ཇེ་དྲག་ཏུ་གྱུར།

            “བཅའ་ཁྲིམས་སྡེ་ཁག་ཏུ་བསྐྱོད་པའི་”བྱ་འགུལ་དེ་སྔར་ལས་ལྷག་པའི་སྒོ་ནས་ཇེ་མཐོར་སོང་། རིགས་སོ་སོའི་སྤྱི་བའི་དོ་དམ་དང་ཞབས་ཞུའི་འགན་ནུས་འཛོམས་པའི་ལས་དོན་སྡེ་ཁག་གིས། སྒྲིག་ཁྲིམས་གཏན་ཁེལ་དང་ཚགས་པར་འགྲེམ་སྤེལ། སྤྱི་ཕན་སྒྲུབ་པ་སོགས་ཀྱི་རྣམ་པ་སྤྱད་དེ། སྤྱི་བའི་དོ་དམ་དང་ཞབས་ཞུའི་འགན་ནུས་བཅས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་སློབ་སྦྱོང་སློབ་གསོ་གཟབ་ནན་སྒོས་སྤེལ།

             དེ་ལས་གཞན། “བཅའ་ཁྲིམས་དགོན་སྡེར་བསྐྱོད་པ་”དང་“བཅའ་ཁྲིམས་བཟོ་ཁུལ་དུ་བསྐྱོད་པ་”དེ་མིན།“བཅའ་ཁྲིམས་ལྗོངས་ཁུལ་དུ་བསྐྱོད་པ་”དང་“བཅའ་ཁྲིམས་ཚོང་རར་བསྐྱོད་པ་”བཅས་ཀྱི་བྱ་འགུལ་ལ་ཡང་གྲུབ་འབྲས་མི་དམན་པ་ཐོབ།

              ཤེས་གསལ་ལྟར་ན། ལོ་ངོ་གཉིས་ཀྱི་རིང་ལ་མཚོ་ལྷོ་ཁུལ་དུ་རྒྱལ་ཁབ་རིམ་པའི་“དམངས་གཙོ་ཁྲིམས་ལུགས་སྡེ་བ་”གཅིག་དང་། ཁུལ་རིམ་པའི་“ཁྲིམས་ལུགས་སྡེ་ཁག་”བཅུ་གཉིས། དམངས་གཙོ་ཁྲིམས་ལུགས་སྡོད་ཁུལ་བདུན་དང་། ཁྲིམས་ལུགས་སྡེ་ཁག་བཅུ་གཉིས་བཅས་གསར་འཛུགས་བྱས། ཁྲིམས་ལྟར་ཁུལ་བཅོས་སྐྱོང་གི་“དྲུག་ལྔ་”ཁྲིམས་ཁྱབ་བྱ་བའི་སྐས་རིམ་དང་པོར་རྟོག་དཔྱོད་ཞིབ་བཤེར་བྱས་ནས་རྒྱུས་ལོན་བྱས་པ་ལྟར་ན། ཁྲི་ཀ་དང་ཀོས་ནན། ཐུན་ཏེ། གུང་ཧོ་བཅས་རྫོང་བཞི་ཡིས་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས། ཕུལ་བྱུང་གི་བརྒྱ་ཆའི་ཟིན་ཚད་བརྒྱ་ཆའི་བརྒྱད་ཅུ་ཡིན་ལ། ཞིན་ཧེ་རྫོང་ཅུང་བཟང་བའི་གྲས་སུ་གཏོགས་ལ་དེས་བརྒྱ་ཆའི་ཉི་ཤུ་ཟིན། ཁུལ་གཏོགས་ལས་ཁུངས་དོན་བཞིའི་ཁྲོད། ཕུལ་བྱུང་གི་ལས་ཁུངས་བཞི་བཅུ་ཡོད་པ་དང་དེས་བརྒྱ་ཆའི་ང་བཞི་དང་གྲངས་ཆུང་གཅིག་བཟུང་ཡོད། ཅུང་བཟང་བའི་ལས་ཁུངས་ཉེར་བདུན་ཡོད་ལ་དེས་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་བཞི་ཟིན། ཚད་ལྡན་ལས་ཁུངས་ལྔ་ཡོད་ལ་དེས་བརྒྱ་ཆའི་དྲུག་གྲངས་ཆུང་བརྒྱད་ཟིན། ལས་ཁུངས་གཉིས་ནི་ཅུང་ལེགས་པའི་གྲས་སུ་གཏོགས་ཤིང་དེས་བརྒྱ་ཆའི་གཉིས་གྲངས་ཆུང་བདུན་ཟིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1