ཛམ་ཐང་གིས་གཟན་རྩྭ་འདེབས་པའི་དབུལ་སྐྱོར་རྣམ་གྲངས་ལག་ལེན་བྱས།

ནོར་སྦྱིན་འཚོ། བྱམས་པ་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-06


        ཉེ་བའི་ལོ་ཤས་ནང་ཛམ་ཐང་རྫོང་གད་ཐོག་ཡུལ་ཚོས་ཧུར་ཐག་གིས་ཕྱུག་འགྱུར་ལམ་བུ་འཚོལ་ཞིབ་བྱེད་བཞིན་ཡོད། ཀྲི་ཅིང་ཞིང་ཆེན་ཝུན་ཀྲུའུ་གྲོང་ཁྱེར་གྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་ཛམ་ཐང་རྫོང་གད་ཐོག་ཡུལ་ཚོས་བེད་མེད་ས་ཞིང་མུའུ་༥༠༠ར་གཟན་རྩྭ་བཏབས། རྣམ་གྲངས་འདི་ལག་བསྟར་བྱས་པས་ཕྱུགས་ཟོག་འཚོ་བའི་ཁུར་བོ་ཇེ་ཡང་དུ་བཏང་ཡོད་པ་དང་ཞིང་འབྲོག་དམངས་ཀྱི་ཕྱུགས་ཟོག་འཚོ་སྐྱོང་ལ་འགན་ལེན་བྱས་ཡོད་པ་མ་ཟད་ཐོན་སྐྱེད་ནུས་པ་མཐོ་རུ་བཏང་ནས་སྐྱེ་ཁམས་དང་སྤྱི་ཚོགས། དཔལ་འབྱོར་བཅས་ལ་ཕན་ཁེ་ཆེན་པོ་བསྐྲུན་ཡོད།

        རྒྱུས་ལོན་པ་ལྟར་ན། རྣམ་གྲངས་འདི་ལ་མ་དངུལ་སྒོར་ཁྲི༣༠༠བཏང་ཡོད་པ་དང་། ཛམ་ཐང་རྫོང་གད་ཐོག་ཡུལ་ཚོའི་གད་ཐོག་སྡེ་བ་དང་ཤུག་མདའ་སྡེ་བས་གཟན་རྩྭ་ས་མུའུ༥༠༠བཏབས་ཡོད་པའི་ཁྲོད་ཀྱི་ས་མུའུ༤༠༠ལ་གཟན་རྩྭ་འབྲེག་གནས་དང་ས་མུའུ༡༠༠ལ་གཟན་རྩྭ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱས་ཡོད། མིག་སྔའི་བར་དུ་ས་སློག་པ་དང་ལུད་རྒྱག་པ། ས་བོན་འདེབས་པ་སོགས་ཀྱི་ལས་འགན་འགྲུབ་ཡོད། སྡོམ་རྩིས་བྱས་པ་ལྟར་ན། ཐེངས་འདིའི་གཟན་རྩྭ་འདེབས་པའི་དབུལ་སྐྱོར་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱེད་སྐབས་ལུད་སྤྱི་རྒྱ་30000དང་ས་བོན་སྤྱི་རྒྱ་8000བཏབས་ཡོད་པ་ཡིན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1