ལི་ཁེ་ཆང་གིས་ཡོ་རོབ་གླིང་གྲོས་ཁང་གི་འགོ་འཛིན་ཧྲུའུ་ཨར་ཚི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-13


             སྤྱི་ཟླ་10པའི་ཚེས་11ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧན་པའོ་ནས་ཡོ་རོབ་གླིང་གྲོས་ཁང་གི་འགོ་འཛིན་ཧྲུའུ་ཨར་ཚི་ལ་མཇལ་འཕྲད་གནང་།

             ལི་ཁེ་ཆང་གིས་གསུངས་རྒྱུར། ཤར་ནུབ་ཕྱོགས་ཀྱི་དཔལ་ཡོན་ནི་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་ཞིག་ཡིན་ལ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཡོ་རོབ་གླིང་གཞི་གཅིག་ཅན་དུ་བསྒྱུར་བའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་མ་ཟད། མཐུན་སྒྲིལ་དང་དར་རྒྱས། སྟོབས་ལྡན་བཅས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་ཞིག་མཐོང་འདོད་ཡོད། དེ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས། མཉམ་ལས་དང་འཕེལ་རྒྱས་བཅས་ལ་ཕན་པ་ཡོད་ཅེས་གསུངས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1