ཧྥ་རན་སིའི་དཔལ་འབྱོར་རིག་པ་བ་རྗོན་ཐྲི་རའོ་ལ་2014ལོའི་ནོ་བྷེར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-14


2014ལོའི་ཟླ་10པའི་ཚེས་13ཉིན། ནོ་བྷེར་བྱ་དགའི་གཞུང་ཕྱོགས་དྲ་ཚུགས་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ད་ལོའི་ནོ་བྷེར་དཔལ་འབྱོར་རིག་པའི་བྱ་དགའ་དེ་ཧྥ་རན་སིའི་དཔལ་འབྱོར་རིག་པ་བ་རྗོན་ཐྲི་རའོ་ལགས་ལ་གནང་རྒྱུ་ཡིན་པ་དང་། དེ་ནི་ཁོང་གི་ཁྲོམ་རའི་སྟོབས་ཤུགས་དང་ལྟ་སྐུལ་དོ་དམ་གྱི་དབྱེ་ཞིབ་ཅེས་པའི་གྲུབ་འབྲས་ལ་གཟེངས་བསྟོད་གནང་བ་ཡིན།

 

2013ལོའི་ནོ་བྷེར་དཔལ་འབྱོར་རིག་པའི་བྱ་དགའ་ནི་ཨ་རིའི་དཔལ་འབྱོར་རིག་པ་བ་ཇུན་ཧྥ་མ་དང་ལར་སི་ཕེ་ཐྲིར་ཧན་སུན། རོ་བྷེར་ཐི་ཧེ་ལིར་བཅས་ལ་གནང་བ་ཡིན་ལ། དེ་ནི་ཁོང་ཚོའི་འབྱོར་ལྡན་གྲལ་རིམ་གྱི་ཚོད་ལྟ་རིང་ལུགས་ལ་དབྱེ་ཞིབ་ཅེས་པའི་གྲུབ་འབྲས་ལ་གཟེངས་བསྟོད་གནང་བ་ཡིན།  ནོ་བྷེར་དཔལ་འབྱོར་རིག་པའི་བྱ་དགའ་ཡང་ནོ་བྷེར་གྱི་བྱ་དགའ་རིགས་གཞན་དག་དང་འདྲ་བར་སི་ཝེས་དན་གོང་མའི་ཚན་རིག་གླིང་གིས་དཔྱད་འདེམས་བརྒྱུད་དགོས་པ་ཡིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1