ལི་ཁེ་ཆང་གིས་ཨུ་རུ་སུའི་སྔོན་གཤེགས་དཔའ་བོའི་བང་སོའི་མདུན་དུ་མེ་ཏོག་ཆུན་པོ་འབུལ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


སྤྱི་ཟླ་10པའི་ཚེས་13ཉིན། ཙུང་ལི་ལི་ཁེ་ཆང་གིས་ཧྥ་ཤི་སི་ངོ་རྒོལ་དམག་འཁྲུག་ཁྲོད་སྐུ་གཤེགས་པའི་ཨུ་རུ་སུའི་སྔོན་གཤེགས་དཔའ་བོའི་རྗེས་དྲན་བང་སོའི་མདུན་དུ་མེ་ཏོག་ཆུན་པོ་འབུལ། ཁོང་གིས་བསྟན་དོན། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་དཔུང་བ་མཉམ་བཤིབས་ངང་དམག་འཁྲུག་བྱས་ཤིང་། རོགས་རེས་མཉམ་འབྲེལ་སྒོས་ཧྥ་ཤི་སིར་ངོ་རྒོལ་བྱས་པའི་ལོ་རྒྱུས་བརྗེད་མི་སྲིད་ཅེས་དང་། ཨུ་རུ་སུ་དང་མཉམ་འབྲེལ་སྒོས་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་འཁོར་70ལོན་པའི་དུས་དྲན་ཡག་པོ་བསྒྲུབ་པ་དང་། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འཁྲུག་ཆེན་གཉིས་པའི་གྲུབ་འབྲས་དང་རྒྱལ་སྤྱིའི་སྒྲིག་གཞི་གསར་པ་སྲུང་སྐྱོང་བྱ་འདོད་ཡོད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1