༄༅།། མཚོ་སྔོན་གྱི་ཐང་གའི་རི་མོའི་སྒྱུ་རྩལ་གྱི་བརྩམས་ཆོས་སྤུས་ལེགས་འགྲེམས་སྟོན་ཤང་ཀང་དུ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-02


      ཟླ་6ཚེས་30ཉིན། རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་22འཁོར་བ་ལ་རྟེན་འབྲེལ་ཞུ་ཆེད། ཤང་ཀང་ལས་རིགས་ཁག་གི་རྟེན་འབྲེལ་མཛད་སྒོ་ཨུ་ཡོན་ལྷན་ཁང་གིས་ཤང་ཀང་དུ་གཞི་རྒྱ་ཆེ་བའི་རྟེན་འབྲེལ་ཞུ་བའི་མཛད་སྒོ་མང་པོ་སྤེལ་བཞིན་ཡོད། དེའི་ཁྲོད་དུ་“མཚོ་སྔོན་གྱི་ཐང་གའི་རི་མོའི་སྒྱུ་རྩལ་གྱི་བརྩམས་ཆོས་སྤུས་ལེགས་འགྲེམས་སྟོན་”ནི་ཤང་ཀང་ལྟེ་གནས་དཔེ་མཛོད་ཁང་དུ་འགོ་ཚུགས་པའི་མཛད་སྒོ་སྤེལ་ཏེ། ཤང་ཀང་གྲོང་ཁྱེར་ཡོངས་ཀྱི་གྲོང་མི་དང་མཉམ་དུ་རྒྱལ་ཁབ་དང་ཤང་ཀང་གི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད། ཡུལ་དངོས་སུ་ཐང་ག་སྤུས་ལེགས་དང་། བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་70ལྷག་འགྲེམས་སྟོན་བྱས་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པས་ཡུལ་དངོས་སུ་ཐང་ག་བཞེངས་བཞིན་ཡོད། འདི་ནི་ལྷ་བཟོས་ཐང་ག་བཞེངས་བཞིན་པ་རེད། 






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1