ལི་ཁེ་ཆང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་སྤྱི་ཁྱབ་ཁང་དུ་ཕེབས་ནས་གསུང་བཤད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-17


           སྤྱི་ཟླ་10པའི་ཚེས་15ཉིན། ཀྲུང་གོའི་ཙུང་ལི་ལི་ཁེ་ཆང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་སྤྱི་ཁྱབ་ཁང་དུ་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་སྔོན་ཆད་ཀྱི་ལྟོ་བ་མི་འགྲང་བའི་ལོ་ཟླ་ཕྱིར་དྲན་བྱས་ཤིང་དབུལ་ཕོངས་སེལ་བའི་ཉམས་མྱོང་གསུངས།

            ལི་ཁེ་ཆང་གིས། ང་རང་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཐོག་ཁང་ནང་འཛུལ་མ་ཐག ངས་མཐོང་བ་ནི་ཐོག་བརྩེགས་དང་པོའི་ཚོམས་ཆེན་ཁང་གི་གྱང་ངོས་ཀྱི་ཡིག་རིགས་སྣ་ཚོགས་ཀྱིས་བརྐོས་པའི་མི་ཚང་མར་བཟའ་རྒྱུ་ཡོད་ཅེས་པ་དེ་རེད་ཅེས་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་སྤྱི་ཁྱབ་ཁང་གི་གསུང་བཤད་ཀྱི་འགོ་བརྩམས་ཤིང་། ཁོང་གིས་མུ་མཐུད་དུ། འདི་ནི་འབྲུ་ཞིང་རྩ་འཛུགས་ཀྱི་བླ་ན་མེད་པའི་འགན་འཁྲི་ཡིན་ལ། འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ཐུན་མོང་གི་དམིགས་འབེན་ཡང་ཡིན་ཞེས་གསུངས།

             འཛམ་གླིང་འབྲུ་རིགས་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར། ལི་ཁེ་ཆང་གིས་ཨི་ཐ་ལིའི་རྒྱལ་ས་རོམ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་ཞིང་རྩ་འཛུགས་སྤྱི་ཁྱབ་ཁང་དུ་འཚམས་འདྲིར་ཕེབས་ཤིང་། འདི་ནི་ཁོང་གིས་ཙུང་ལིའི་འགན་བཞེས་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛུགས་ལ་འཚམས་འདྲིར་ཕེབས་ཐེངས་དང་པོ་དེ་ཡིན་ལ། ཀྲུང་གོའི་ཙུང་ལི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་ཞིང་རྩ་འཛུགས་ལ་འཚམས་འདྲིར་ཕེབས་པ་ཐེངས་དང་པོའང་ཡིན།

            ལི་ཁེ་ཆང་གིས་ཞིང་གྲོང་གི་འཚོ་བའི་ཉམས་མྱོང་ཕྱིར་དྲན་གནང་ནས། ངས་གཞོན་དུས་སུ་ཀྲུང་གོའི་ཞིང་གྲོང་གི་འཚོ་བ་ལོ་མང་པོར་རོལ་མྱོང་ཞིང་། རང་ཉིད་ཀྱིས་དངོས་སུ་ལྟོ་བ་མི་འགྲང་བའི་དཀའ་ངལ་གྱི་ལོ་ཟླ་བརྒྱུད་མྱོང་བ་ཡིན། ཞེས་དང་། ཡང་ཁོང་གིས་ལྟོ་བ་འགྲང་བའི་དུས་སྐབས་དེ་མྱུར་མོར་བརྗེད་འགྲོ་བཞིན་ཡོད་ཀྱང་། ལྟོགས་སྐོམ་བྱུང་བའི་བག་ཆགས་དེ་ཚེ་གང་ལ་བརྗེད་ཐབས་མི་འདུག་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1