ལྷོ་ཁོ་རེ་ཡའི་སྦྱོང་ཁྲིད་པ་ཐེན་ཁྲང་ཅི་དང་དབྱུག་གྲུག་རྒྱག་མཁན་བོད་ཀྱི་བྱིས་པ་དག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-17


            ཐེན་ཁྲང་ཅིས་2001ལོའི་ཟླ་9པར་མཚོ་སྔོན་དགེ་ཐོན་སློབ་ཆེན་ལོ་རྒྱུས་སྡེ་ཁག་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ་དང་།  ཕྱི་འགྲིམ་བྱེད་རིང་ཁོས་ཆུང་དུས་ནས་འུར་རྡོ་འཕངས་ཏེ་ནོར་ལུག་འཚོས་མྱོང་བའི་འབྲོག་ཁུལ་གྱི་བྱིས་པ་རྣམས་ལ་ལོ་མཉམ་ཚོའི་ཁྲོད་དུ་དཔུང་ཤུགས་ཆེན་པོ་ཡོད་པ་རྟོགས་རྗེས། 2006ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་འབྲིང་ཨང་དང་པོ་རུ་དབྱུག་གྲུག་གི་ལྷན་ཚོགས་ཤིག་བཙུགས། ཁོས་སློབ་བུ་ཚོར་དབྱུག་གྲུག་ལེགས་པོར་འཁྲིད་པ་མ་ཟད་ལྷོ་ཁོ་རེ་ཡར་ཕྱིན་ནས་རོགས་སྐྱོར་རེ་འདུན་ཞུས་ཤིང་ཨ་རིའི་ཆེད་ལས་དབྱུག་གྲུག་མནའ་འབྲེལ་ཚོགས་པར་མཉམ་འབྲེལ་བྱེད་རྒྱུའི་སྐོར་གྱི་གྲོས་མོལ་ཡང་བྱས།

 

              ཁོའི་སློབ་མ་སྐོར་ཐེངས་དང་པོ་སྟེ་སྦྱོང་ཁྲིད་ལག་རོགས་པ་བྱམས་བཟང་རྒྱལ་ནས་བཟུང་ཀུང་ཏུང་ཀྲུང་ཧྲན་གྱི་རྒྱལ་ཡོངས་དབྱུག་གྲུག་འགྲན་སྡུར་ཁྲོད་རུ་ཁག་ལ་སྣེ་ཁྲིད་བྱེད་ཀྱི་ཡོད།  ད་ལྟ་ཁོང་གིས་གཙོ་བོ་མཐོ་འབྲིང་རུ་ཁག་ལ་ཁྲིད་ཀྱི་ཡོད་པ་དང་སློབ་ཆུང་རུ་ཁག་ལ་ཁོའི་སློབ་མ་སྐོར་ཐེངས་དང་པོ་རྣམས་ལ་སྦྱོང་ཁྲིད་བྱེད་དུ་བཅུག་ཡོད།  ཁོས་སྦྱོང་བརྡར་གྱི་གོ་རིམ་ཁྲོད་དུ་ད་གཟོད་རང་ནུས་འདོན་སྤྲོད་ཐུབ་ལ་དབྱུག་གྲུག་ད་གཟོད་མཚོ་སྔོན་དུ་དར་ཞིང་རྒྱས་ཐུབ་ཟེར།

 

             2014ལོའི་དབྱར་ཁར་ཐེན་ཁྲང་ཅིས་རུ་སྣེ་ཁྲིད་དེ་ཀུང་ཏུང་ཀྲུང་ཧྲན་གྱི་རྒྱལ་ཡོངས་དབྱུག་གྲུག་འགྲན་སྡུར་ཁྲོད་ཞུགས་ཤིང་། རྒྱལ་ཡོངས་ཀྱི་འགྲན་སྡུར་ཁྲོད་ཞུགས་ཐུབ་པ་ནི་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་ཡིན་ལ།  བསྡུར་སྐར་ཁྲོད་འགྲན་ཡ་ལས་རྒྱལ་བ་ནི་བོད་རིགས་དབྱུག་གྲུག་རུ་ཁག་གིས་ཐེངས་དེའི་རྒྱལ་ཡོངས་འགྲན་སྡུར་ཁྲོད་བླངས་པའི་གཡུར་ཟའི་འབྲས་བུ་ཡིན་ལ་འགྲན་ཡ་ཡོད་ཚད་ཀྱང་ཧ་ལས་སུ་བཅུག རྒྱང་ཐག་རིང་བའི་མཐོ་སྒང་དུ་བོད་རིགས་བྱིས་པ་ཁག་ཅིག་གིས་འདི་ལྟ་བུའི་ལས་རྩལ་ཞིག་གཉེར་བཞིན་པ་ཀུན་གྱི་ཡིད་ལའང་འཁོར་གྱི་མེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1