སི་ཁྲོན་ཞིང་ཆེན་གྱིས་རིག་གནས་སྒྲིག་གཞིའི་བཅོས་བསྒྱུར་ལག་ལེན་འཆར་གཞི་ཞེས་པ་བཏོན་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-20


སྤྱི་ཟླ་10པའི་ཚེས་17ཉིན། སི་ཁྲོན་ཞིང་ཆེན་ཡོངས་ཀྱི་རིག་གནས་སྒྲིག་གཞིའི་བཅོས་བསྒྱུར་ལས་ཀའི་གྲོས་ཚོགས་འཚོགས་ཤིང་། ཚོགས་ཐོག་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། 《སི་ཁྲོན་ཞིང་ཆེན་རིག་གནས་སྒྲིག་གཞིའི་བཅོས་བསྒྱུར་ཟབ་སྤེལ་གྱི་ལག་ལེན་འཆར་གཞི》ཞེས་པ་དངོས་སུ་དཔར་འགྲེམ་བྱས་ཡོད་ལ། འཆར་གཞི་འདིའི་ནང་ཕྱོགས་དགུ་ནས་ཞིང་ཆེན་ཡོངས་ཀྱི་2014ལོ་ནས་2020ལོའི་བར་གྱི་རིག་གནས་སྒྲིག་གཞི་བཅོས་བསྒྱུར་ལས་ཀར་མ་ལག་དང་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད་ལ། ཕྱོགས་19ཡི་བཅོས་བསྒྱུར་བྱེད་ཐབས་གལ་ཆེན་དང་ཞིབ་ཕྲའི་ལས་རིགས་ཁག་88གཏན་འཁེལ་བྱས་ཡོད།  དེ་མིན་རིག་གནས་ཀྱི་སྤྱི་ཁོག་བདག་དམ་སྒྲིག་གཞིའི་བཅོས་བསྒྱུར་ཟབ་སྤེལ་དང་དེང་རབས་གྱི་སྤྱི་བོའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྲུན། དེང་རབས་ཀྱི་རིག་གནས་ཁྲོམ་རའི་མ་ལག་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་བརྒྱུད་སྤེལ་མ་ལག་སོགས་ཕྱོགས་མང་པོ་ཞིག་ལ་འབྲེལ་ཡོད།  

འཆར་གཞིའི་ནང་བསྟན་དོན། རིག་གནས་སྒྲིག་གཞིའི་བཅོས་བསྒྱུར་ཟབ་སྤེལ་བྱ་བའི་དམིགས་དབེན་དང་ཆ་རྐྱེན་ནི། རིག་གནས་བདག་དམ་སྒྲིག་གཞི་དང་རིག་གནས་ཐོན་སྐྱེད་ཉོ་ཚོང་ལམ་ལུགས་འཐུས་ཚང་གཏོང་བ། དེང་རབས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་དང་དེང་རབས་ཀྱི་རིག་གནས་ཁྲོམ་རའི་མ་ལག ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བརྒྱུད་སྤེལ་མ་ལག་བཅས་འཛུགས་སྐྲུན་བྱེད་པ། རིག་གནས་ཐོན་རྫས་ཀྱི་སྤུས་ཀ་དང་རིག་གནས་སྒོ་འབྱེད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ནས། 2017ལོར་རིག་གནས་སྒྲིག་གཞིའི་བཅོས་བསྒྱུར་ལ་གྲུབ་འབྲས་གསར་བ་ཞིག་ལོན་དགོས་པ་དང་། 2020ལོར་ཕྱོགས་ཡོངས་ནས་འཆར་གཞིའི་ནང་དོན་ཁག་གི་ལས་འགན་ཡོངས་སུ་འགྲུབ་པ་བྱ་རྒྱུ་ཡིན་འདུག །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1