ལྷོ་ཁོ་རེ་ཡ་རུ་2014ལོའི་སེ་འུལ་གྱི་ཀྲུང་གོའི་ཉིན་མོ་ཞེས་པའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-20


                 

སྤྱི་ཟླ་10པའི་ཚེས་19ཉིན། ལྷོ་ཁོ་རེ་ཡའི་རྒྱལ་ས་སེ་འུལ་དུ།  སེ་འུལ་གྱི་ཀྲུང་གོའི་ཉིན་མོ་ཞེས་པའི་འགོ་བརྩམས་པའི་བྱེད་སྒོ་སྤེལ་ཞིང་། མཛད་སྒོའི་ཐོག་ལྷོ་ཁོ་རེ་ཡའི་ཀྲུང་གོའི་གཞུང་ཚབ་པ་ཆིའུ་གོ་ཧོང་དང་སེ་འུལ་གྲོང་ཁྱེར་གྱི་ཧྲི་ཀྲང་ཕིའོ་ཡོན་ཁྲིན་གཉིས་ཀྱིས་མཉམ་དུ་ཀྲུང་གོའི་འབྲུག་ལ་མིག་བྲིས་ནས་སེ་འུལ་གྱི་ཀྲུང་གོའི་ཉིན་མོ་ཞེས་པའི་བྱེད་སྒོ་དངོས་སུ་དབུ་བཙུགས་པ་ཁྱབ་བསྒྲགས་བྱས།

སེ་འུལ་གྲོང་ཁྱེར་སྲིད་གཞུང་དང་ཀྲུང་གོའི་རིག་གནས་སྡེ་ཁག  ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་། ལྷོ་ཁོ་རེ་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་བཅས་ཀྱིས་མཉམ་སྒྲུབ་བྱས་བའི་2014ལོའི་སེ་འུལ་གྱི་ཀྲུང་གོའི་ཉིན་མོ་ཞེས་པའི་བྱེད་སྒོ་དེ་སེ་འུལ་གྲོང་ཁྱེར་གྱི་ཐང་ཆེན་དུ་སྤེལ། ཀན་སུའུ་དང་ཁྲུང་ཆིན་ནས་ཡོང་བའི་སྒྱུ་རྩལ་ཚོགས་པས་ཞབས་བྲོ་དང་དྲག་རྩལ་སོགས་འཁྲབ་སྟོན་བྱས་ཤིང་། ཡུལ་ངོས་སུ་ད་དུང་རིག་གནས་རོལ་མྱོང་སྟེགས་བུ་མང་པོ་བཀོད་སྒྲིག་བྱས་ནས། ལྟད་མོ་བ་རྣམས་ལ་ཀྲུང་གོའི་ཤོག་དྲས་སྒྱུ་རྩལ་དང་། ཇའི་རིག་གནས། སྲོལ་རྒྱུན་རྩེད་རིགས་སོགས་ཀྱི་དམངས་སྲོལ་རོལ་མྱོང་བྱ་རུ་བཅུག་ཡོད། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1