༄༅།། བོད་སྨན་ངོ་སྤྲོད། ༼ མོ་ནད་ཀྱི་སྨན། ༽

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-20




རྒྱ་རུ་བཅུ་བཞི། བསིལ་ཆེ། བཟི་མེད།

ཕན་ནུས། མོ་ནད་ཁྲག་ཚབ་ཀྱིས་རྐེད་པ་ན་ཞིང་རྒྱུ་ཞབས་གཟེར་བ་དང་། དབུགས་སྣ་ཐུང་བ། སྟོད་ན་བ། ཁྲག་ཚབ་ནད་ཀྱི་མངལ་སྐྱོན་སེལ་བར་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐེངས་རེར་རིལ་བུ་གསུམ།


ཁྲག་བཤིག ཅུང་བསིལ། བཟི་མེད།

ཕན་ནུས། ཟླ་མཚན་མི་བབས་པར་ཁྲག་འདྲིལ་བ་དང་། རྒྱུད་སྨད་ན་བ། སྟོད་ན་བ།

ཁྲག་ཚབས་དང་ཁྲག་སྐྲན་བརྟབས་ཁྲག་ལུས་པ་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་གསུམ་ནས་བཞི།


གླ་རྩི་དྲུག་སྦྱོར། བསིལ། བཟི་ཅུང་ཡོད།

ཕན་ནུས། ནུ་མ་སྐྲངས་ཤིང་མཁྲེགས་པོ་ཆགས་པ་དང་། ཚ་བ་བརྒྱབ་པ། ཟུག་གཟེར་གཏོང་བ་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ།


བུ་བཙས་ཙན་དན་བཅོ་བརྒྱད། བསིལ་ཆེ། བཟི་མེད།

ཕན་ནུས། ཕྲུག་གུ་བཙས་རྗེས་ཚ་བ་བརྒྱབ་པ་དང་། རིམས་ཚད་ཞུགས་པའི་ནད་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ།


ཞི་བྱེད་བཅུ་གཅིག བསིལ་དྲོད་སྙོམས། བཟི་མེད།

ཕན་ནུས། ཕྲུ་གུ་སྐྱེ་མ་ཐུབ་པ་དང་། ཤ་མ་མི་འདོན་པ། མོ་ནད་ཁྲག་སྐྲན་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་གཅིག


སྟར་བུ་བཅུ་དགུ། བསིལ་དྲོད་སྙོམས། བཟི་མེད།

ཕན་ནུས། མ་ཞུ་བ་དང་བད་ཀན་ནད་ཀྱིས་དང་ག་མི་བདེ་བ། ཟས་མི་འཇུ་བ། སྤོས་རྒྱངས་བྱེད་པ། སྒྲེག་པ་བྱུང་བ། ཁྱད་པར་མོ་ནད་ཁྲག་ཚབས་དང་ཁྲག་སྐྲན་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐེངས་རེར་རིལ་བུ་བཞི།


འོལ་སེ་ཉེར་ལྔ། བསིལ་དྲོད་སྙོམས། བཟི་མེད།

ཕན་ནུས། མོ་ནད་ཁྲག་ཚབས་དང་། རླུང་ཚབས་ཀྱིས་སྐེད་པ་དང་རུས་ཚིགས་འཁོལ་ཞིང་ན་བ། རྒྱུ་ཞབས་གཟེར་བ། མཆིན་མཁྲིས་རོ་སྟོད་ན་བ། ལྷག་པར་རོ་སྟོད་ཁྲག་མིག་འཁོལ་བ། སྙིང་སྲོག་གཟེར་ཞིང་རྣ་བ་འོན་པ། ཚང་ར་གཟེར་བ། རྒྱུ་ཞབས་གཟེར་བ། མཚན་མ་གཟེར་བ་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག་ནས་གཉིས་བར་ཐེངས་རེར་རིལ་བུ་གསུམ།


ཞི་ཏིག བསིལ་དྲོད་སྙོམས། བཟི་མེད།

ཕན་ནུས། མ་ཞུ་བའི་ནད་དང་། བད་མཁྲིས་ཀྱི་ནད། ལྷག་པར་སྦྲུམ་མ་འཁྲི་བའི་ནད་བཅས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་ཞི་དྲུག་རིལ་བུ་བཞི་དང་རིག་བརྒྱད་རིལ་བུ་གསུམ་མཉམ་དུ་གཏོང་རྒྱུ།


མདེའུ་འབྱིན་ཉེར་ལྔ། བསིལ་དྲོད་སྙོམས། བཟི་ཅུང་ཡོད།

ཕན་ནུས། ཟླ་མཚན་འགྱིངས་པ་དང་། རྒྱུ་ཞབས་གཟེར་བ། ཕྲུ་གུ་མྱུར་དུ་བཙའ་བ།

ཤ་མ་མྱུར་དུ་འབྱིན་པ་སོགས་ལ་ཕན།

གཏོང་ཐབས། ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་བཞི་ནས་ལྔ།

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1