དབྱིན་ཇི་ནས་དབྱིན་ཏེ་ཨན་གྱི་པར་རིས་རྙིང་པ་འགྲེམ་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-21


               སྤྱི་ཟླ་10པའི་ཚེས་17ཉིན། དབྱིན་ཇིའི་ཉེན་མཆོང་མཁན་ཆའོ་སི་མའེ་སི་ཐིར་ལགས་ཀྱིས་ཕྱོགས་བསྡུས་བྱས་པའི་པར་རིས་བརྩམས་ཆོས་དཀོན་པོ་127མི་རྣམས་ལ་དུས་རབས་19པའི་དུས་མཇུག་གི་གསར་བསྒྱུར་ལས་འགུལ་སྐབས་ཀྱི་དབྱིན་ཏེ་ཨན་གྱི་རིག་གནས་ལ་བལྟ་བའི་སྒེའུ་ཁུང་ཞིག་གི་ཚུལ་དུ་མཁོ་འདོན་བྱས་ཤིང་། ཚེས་23ཉིན། དབྱིན་ཇིའི་བྷིར་ཁི་ཤིར་ནས་རྡེག་ཚོང་བྱ་རྒྱུ་རེད།

              རྒྱུས་ལོན་བྱུང་བ་ལྟར་ན། པར་རིས་བརྩམས་ཆོས་127པོ་འདི་ནི་དུས་རབས་19པའི་དུས་སྟོད་ཀྱི་པར་ལེན་པ་རྗོན་ཁའར་ཧེ་ལིར་སི་དང་རི་མོ་བ་ཝེ་ལེམ་ཇེ་ཁི་སུན་སོགས་ཀྱིས་སྐབས་དེར་རྒྱུགས་ཆེ་བའི་སྦྱིན་ཤོག་པར་ཆས་ཤིག་གིས་བླངས་བ་ཡིན་ལ། ད་ལྟ་པར་འདི་དག་སྒོར་སྟོང་གཅིག་ནས་སྟོང་ལྔ་བར་གྱི་རིན་གོང་མཐོན་པོ་བྱས་ཏེ་རྡེག་ཚོང་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1