2014ལོའི་ཨེ་ཙི་ནད་ཀྱི་རིགས་གཞུང་བརྗེ་རེས་ཚོགས་ཆེན་པེ་ཅིན་དུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-22


            རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ལྕམ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འདུས་འདྲིལ་གཅོང་ནད་དང་ཨེ་ཙི་ནད་འགོག་བཅོས་བྱ་བའི་གཅེས་སེམས་ཕོ་ཉ་ཕེང་ལི་ཡོན་ཚོགས་ཆེན་གྱི་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད། ཨེ་ཙི་ནད་འགོག་བཅོས་བྱ་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པའི་ཕྱི་རྒྱལ་གྱི་ཚན་རིག་པར་རྗེས་དྲན་བྱ་དགའ་གནང་།

           ཚོགས་ཆེན་མ་འཚོག་པའི་སྔོན་དུ། ཕེང་ལི་ཡོན་གྱིས་ཚོགས་ཆེན་ལ་ཞུགས་པའི་ཕྱི་རྒྱལ་གྱི་ཚན་རིག་པར་ཐུག་འཕྲད་གནང་། ཁོ་མོས་ཚན་རིག་པ་རྣམ་པ་པེ་ཅིན་དུ་ཕེབས་ཏེ་ཀྲུང་གོའི་ཨེ་ཙི་ནད་འགོག་བཅོས་ལས་ཀ་སྒྲུབ་མཁན་དང་མཉམ་དུ་ཞིབ་འཇུག་གི་གྲུབ་འབྲས་དང་ཉམས་མྱོང་གསུངས་བར་དགའ་བསུ་ཞུས་པ་ཡིན་ལ། ཐེངས་འདིར་རིགས་གཞུང་བརྗེ་རེས་བྱ་འགུལ་སྤེལ་ནས་ཀྲུང་གོ་དང་འཛམ་གླིང་གི་ཨེ་ཙི་ནད་འགོག་བཅོས་དང་ཞིབ་འཇུག་གི་ལས་ཀ་ཡག་པོ་བསྒྲུབ་པར་ཕན་ཐོགས་པའི་ཡིད་ཆེས་ཡོད་ཅེས་དང་། ངས་ཨེ་ཙི་ནད་སྔོན་འགོག་བྱ་བའི་དྲིལ་བསྒྲགས་མཁན་དང་ཨེ་ཙི་ནད་འགོག་བཅོས་བྱ་བའི་གཅེས་སེམས་ཕོ་ཉའི་འགན་འཁྲི་མུ་མཐུད་དུ་འཁུར་ནས། ཀྲུང་གོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཨེ་ཙི་ནད་འགོག་བཅོས་བྱ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་ཨེ་ཙི་ནད་འགོག་བཅོས་བྱ་བ་བཟང་བོར་བསྒྲུབ་པར་སྟོབས་ཤུགས་འབུལ་འདོད་ཡོད་ཅེས་ནན་གྱིས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1