༄༅།། ཐབས་འདིས་སྟོད་སྒུར་སྒུར་སྲོང་ཐུབ་ཀྱི་འདུག གཟུགས་བྱད་ཡག་པོ་དགོས་ན།

རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 09-10





        རྣམ་ཀུན་ནང་མི་དང་མཉམ་དུ་འགྲོ་སྐབས།  ཁྱེད་ཀྱི་སྒལ་པར་བཞུས་ཏེ། སྒུར་སྒུར་མ་བྱོས། ལྟག་པ་དགྱེ་དགྱེ་བྱོས། ཞེས་དྲན་སྐུལ་བྱེད་མྱོང་ངམ།
        མི་ཁག་གཅིག་ལ་སྐྱོན་འདི་ཡོད་མོད། ཡིན་ནའང་། རྣམ་ཀུན་ནས་དོ་སྣང་མ་བྱས་ཚེ། ཕྱིས་སུ་ཁྱེད་ལ་འགྱོད་པ་རྟས་མ་ཟིན་པ་སྐྱེས་སྲིད། སྟོད་སྒུར་སྒུར་བྱས་དྲགས་ནས། བལྟས་པ་ཙམ་གྱིས་གྲུང་ཤ་དོད་པོ་མེད་པ་མ་ཟད། མདོག་ཀྱང་ཉེས་པོ་ཞིག་ཡོད། 
        ད་འོ་ན། མི་ཁག་གཅིག་སྟོད་སྒུར་བར་ཇི་ལྟར་གྱུར་བ་ཡིན་ནམ། 
        མི་མང་པོ་ཞིག་དང་ཐོག་མགོ་བོ་སྒུར་སྒུར་མིན་ལ་སྟོད་ཀྱང་སྒུར་སྒུར་མིན་མོད། འོན་ཏེ། རིམ་བཞིན་སྟོད་སྒུར་སྒུར་ཆགས་ཀྱི་ཡོད། 
        རྒྱུ་མཚན་གང་ཡིན་ཞེ་ན། སྒལ་པ་དང་། བྲང་ཁོག དེ་བཞིན་མཇིང་པ་སོགས་ཀྱི་ཤ་གནད་འགུལ་སྐྱོད་ཉུང་བ་ལས་བྱུང་བ་ཞིག་རེད། 
        གོམས་གཤིས་འདིས་གཟུགས་བྱད་ལ་སྐྱོན་རྒྱག་པ་ཕུད། སྟོད་སྒུར་སྒུར་ལས་ད་དུང་མཇིང་ཚིགས་ལ་སྐྱོན་ཆེན་པོ་སླེབས་ཤིང་། ཡུན་རིང་པོ་སོང་ན་སྐེད་པ་དང་མཇིང་པར་ན་ཚ་སླེབས་ཀྱི་ཡོད། 

        རྒྱུན་གཏན་གྱི་གོམས་གཤིས་དེ་ཚོས། སྟོད་སྒུར་ཚད་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་གི་ཡོད། དཔེར་ན། 
        མགོ་སྒུར་སྒུར་བྱས་ནས་ཁ་པར་ཡུན་རིང་པོ་ལྟ་བ།
        གློག་ཀླད་སྤྱོད་སྟངས་མི་འགྲིག་པ། 
        ཡུན་རིང་པོ་བསྡད་ནས་སྡོད་པ། 
        སྟོད་སྒལ་འགུལ་སྐྱོད་ཉུང་དྲགས་པ། 
        སྔས་མགོ་མཐོ་དྲགས་པ། 
        འོན་ཀྱང་། ཐབས་འདི་སྤྱད་ན་སྟོད་སྒུར་སྒུར་ཆགས་པ་སྲོང་ཐུབ་ཀྱི་ཡོད། 
        རྒྱུན་དུ་སྦོ་དགྱེད་དགྱེད་དམ། མཇིང་པ་འདྲོང་པོ་སོགས་བྱེད་དགོས་ལ། ད་དུང་མཇིང་པ་དང་། དཔུང་པ། སྒལ་པ་བཅས་མང་ཙམ་འགུལ་དགོས། 
        གཤམ་གྱི་འགུལ་རིས་འདི་3པོས་ཁྱེད་ལ་མདའ་ལྟར་འདྲོང་བའི་གཟུགས་གཞི་ཞིག་སྦྱིན་ངེས།

        འགུལ་སྟངས་དང་པོ། ང་ལ་དངུལ་མེད་ཟེར་བའི་བཟོ་ལྟ། 
        ང་ལ་དངུལ་མེད་ཟེར་བའི་བཟོ་ལྟ་འདི་སྟོན་སྐབས། དང་ཐོག འཕོངས་ཤ་དང་གཟུགས་པོ་ཁྱོན་ཡོངས་བསྡུ་དགོས་པ་དང་ཆབས་ཅིག དེ་རྗེས། ལག་གཉིས་ཀྱི་ཤུགས་ལ་བརྟེན་ནས་ཕྱིར་དལ་གྱིས་རྐྱོང་དགོས། དེའི་སྐབས། སྟོད་སྒལ་གྱི་ཤ་གནད་རིམ་གྱིས་ལྷོད་དུ་འགྲོ་ཡི་ཡོད། 
        འགུལ་སྟངས་འདི་ཉིན་ལྟར་ཐེངས་15ནས་20བར་རྩེ་དགོས་ཤིང་། དོ་སྣང་བྱེད་དགོས་པ་ཞིག་ལ་འཕོངས་ཤ་ངེས་པར་དུ་བསྡུ་དགོས། 
        ལུས་སྦྱོང་བྱེད་སྟངས་འདིས་གཟུགས་བྱད་ཡག་ཏུ་འགྲོ་བ་མ་ཟད། དཔུང་པའི་ངལ་དུབ་སེལ་ཐུབ་ཀྱི་ཡོད། 

        འགུལ་སྟངས་གཉིས་པ།  བྲང་ཤ་ལྷོད་དུ་གཏོང་བ། 
        སྔོན་ལ་ལག་ཟུང་རྒྱབ་ལ་སྐྱེལ་དགོས། དེ་ནས་གཤམ་དུ་ཤུགས་རྒྱག་པ་དང་སྦྲགས། བྲག་ཁོག་མདུན་ལ་ལྡིར་ལྡིར་བྱེད་དགོས། 
        དེའི་སྐབས། ཁྱེད་ལ་བྲག་ཁོག་དང་། དཔུང་པ། མཇིང་པ་བཅས་ཀྱི་ཤ་གནད་འཐེན་པའི་ཚོར་སྣང་སྦྱིན་ཞིང་། དེ་དང་དུས་མཚུངས། དབུགས་འབྱིན་རྔུབ་ཐེངས་5བྱས་ནས། ཡར་བསྐྱར་ཐེངས་གཅིག་རྩེས་དང་། 
        འགུལ་སྟངས་འདི་ཉིན་ལྟར་ཐེངས་8ནས་10པར་བརྩེས་ཚེ་ལུས་སེམས་གཉིས་ཀ་ཞི་ལྷོད་དུ་འགྲོ་བ་མ་ཟད། ཉིན་གཅིག་གི་ངལ་དུབ་ཀྱང་དེ་མ་ཉིད་དུ་སེལ་བའི་ནུས་པ་ཐོན་གྱི་ཡོད། 

        འགུལ་སྟངས་གསུམ་པ། གཟུགས་པོ་གྱང་ལ་སྦྱར་བ། 
        དཀའ་ལས་ཁག་ཤོས་ཀྱི་འགུལ་སྟངས་འདི་རེད། འདིས་ཁྱེད་ཀྱི་གཟུགས་པོ་སྲོང་ཐུབ་ལ། གཟུགས་བྱད་ཀྱང་ཡག་ཏུ་འགྲོ་ཡི་ཡོད། 
        དང་ཐོག གཟུགས་པོ་གྱང་ལ་སྦྱར་རྗེས། རྐང་མཐིལ་དང་། འཕོངས་ཤ སྒལ་པ། ལྟག་ཁུང་བཅས་བཞི་པོ་ཚང་མ་གྱང་ལ་ཐུག་པ་དང་དུས་མཚུངས། མགོ་འདོགས་པའི་བཟོ་ལྟ་དལ་གྱིས་སྟོན་དགོས། 
        འགུལ་སྟངས་འདི་ཉིན་ལྟར་ཐེངས་15ནས་20བར་རྩེ་དགོས་ཤིང་། དོ་སྣང་བྱེད་དགོས་པ་ཞིག་ལ་བཟོ་ལྟ་འདི་སྟོན་སྐབས། ལག་གཉིས་ངེས་པར་དུ་གྱང་ལ་སྦྱོར་དགོས། 

        འདིས་གཟུགས་པོ་འདྲོང་པོ་ཆགས་ཐུབ་པ་མ་ཟད། སྟོད་སྒུར་རྦད་དེ་སྲོང་ཐུབ། 

           ཁྱེད་ལ་གཟུགས་བྱད་འདི་ལྟ་བུ་ཞིག་ཡོང་འདོད་ན་བསྡད་ནས་མི་སྡོད་པར་འཕྲལ་མར་ལུས་པོ་འགུལ་དང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1