སི་ཁྲོན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱས་ཏེ་མི་རེར་ཆེས་མཐོའི་རོགས་དངུལ་སྒོར་ཁྲི་100མཁོ་འདོན་བྱ་རྒྱུ་རེད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-23


           སྤྱི་ཟླ་10པའི་ཚེས་21ཉིན། གསར་འགོད་པས་ནུབ་རྒྱུད་བཤམ་སྟོན་འདུ་ཚོགས་ཀྱི་ཆེད་དོན་ལས་གཞིའི་བྱེད་སྒོ་ཡི་གྲས་ཀྱི་2014ལོའི་ཕྱི་རྒྱལ་གྱི་ཚད་མཐོའི་ལག་རྩལ་དང་ཤེས་ལྡན་མི་སྣའི་གྲོས་མོལ་ཚོགས་འདུ་དང་མི་སྟོང་གི་འཆར་གཞི་ཞེས་པའི་ཆེད་ལས་མཁས་པའི་ལས་གཏོད་གླེང་སྟེགས་ཁྲོད་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཕྱི་ནང་གི་ཚད་མཐོའི་ཤེས་ལྡན་མི་སྣ་དག་སི་ཁྲོན་དུ་ཕེབས་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱས་ནས། སི་ཁྲོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣ་ནང་འདྲེན་འཆར་གཞིའི་ནང་འཇོག་རྒྱུ་ཡིན་པ་དང་། ཤེས་ལྡན་མི་སྣ་རེར་ཆེས་མཐོའི་རོགས་དངུལ་སྒོར་ཁྲི་100མཁོ་འདོན་བྱ་རྒྱུ་རེད།

           ད་ནི་ལས་གཏོད་བྱ་འདོད་ཡོད་ཀྱང་མ་དངུལ་མེད་པའི་གནད་དོན་ལྷག་མེད་ཅིང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་གྱི་འཆར་གཞིའི་ནང་ཐེ་བའི་ཤེས་ལྡན་མི་སྣ་རེ་ལ་ཆེས་མཐོའི་རོགས་དངུལ་སྒོར་ཁྲི་100དང་། ཚོགས་པར་ཐེངས་གཅིག་ཅན་གྱི་རོགས་དངུལ་སྒོར་ཁྲི་500སྟེར་རྒྱུ་རེད། ལས་གཏོད་བྱ་མཁན་གྱི་ཤེས་ལྡན་མི་སྣ་དག་ལ། སྒོར་ཁྲི་100ལས་མི་ཉུང་བའི་ཁེ་ལས་གསར་འཛུགས་ཀྱི་རོགས་དངུལ་དང་ཐེངས་གཅིག་ཅན་གྱི་ཆེས་མཐོའི་རོགས་དངུལ་སྒོར་ཁྲི་500མཁོ་འདོན་བྱ་རྒྱུ་དང་། ཁྲོམ་རའི་འདུན་ལམ་ལེགས་པ་དང་ལག་རྩལ་གྱི་མི་མངོན་པའི་ནུས་ཤུགས་ལྡན་པའི་ཚོགས་པ་དག་ལ་རིམ་པ་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་འདུག དངུལ་བསྲེས་ཀྱི་ཐད་ནས། ཁྲེན་ཏུའུ་ཀའོ་ཞིན་ཁུལ་དུ་བཙུགས་ཡོད་པའི་ལས་གཏོད་ཕོ་ཉའི་མ་དངུལ་གཏོང་འཇོག་ཐེབས་རྩ་ཁང་གིས་ལས་གཞི་རེ་ལ་ཆེས་མཐོ་བའི་མ་རྩ་གཏོང་འཇོག་སྒོར་ཁྲི་200མཁོ་འདོན་བྱ་རྒྱུ་རེད།     

             སི་ཁྲོན་སློབ་ཆེན་ཧྭ་ཞིའི་སླར་སྐྱེ་གསོ་རིག་ཞིབ་འཇུག་གླིང་གི་ཀྲུའུ་རིན་ཁང་ཡུས་ཅན་གྱིས། སི་ཁྲོན་གྱི་རྒྱུ་ནོར་གསོག་འཇོག་བྱེད་ཚད་ཕུན་སུམ་ཚོགས་པའི་ཚད་ལ་སླེབས་ཡོད། གལ་སྲིད་ལས་གཞིའི་རྣམ་པ་སྔོན་ཐོན་ཡིན་ཚེ། མ་རྩ་ཕོན་ཆེན་ཞིག་རག་ཐུབ་རྒྱུ་རེད་ཅེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1