ཡོ་རོབ་གླིང་དང་ཨ་མེ་རི་ཁས་ཨེ་པའོ་ལ་རིམས་ནད་ཀྱི་སྔོན་འགོག་བྱེད་ཚད་ཇེ་ཆེར་གཏོང་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-23


         སི་ཝེས་དན་གྱི་རི་ནེ་ཝ་སློབ་ཆེན་གྱི་སྨན་ཁང་གིས་ཟླ་10བའི་ཟླ་མཇུག་དང་ཟླ་11པའི་ཟླ་མགོར་ཨེ་པའོ་ལ་རིམས་ནད་ཀྱི་འགོག་སྨན་མིའི་ལུས་ལ་ཚོད་ལྟ་བྱ་རྒྱུ་རེད། འགོག་སྨན་དེ་ཁེ་ན་ཏའི་ཝུན་ནེ་པའོ་རྒྱལ་ཁབ་སྐྱེ་དངོས་ཕྲ་མོའི་ཚོད་ལྟ་ཁང་གིས་གསར་སྤེལ་བྱས། ཟླ་10བའི་ཚེས་20ཉིན། གསར་འགོད་པས་སྨན་ཁང་དེའི་ཚོད་ལྟ་ཁང་དུ་ལྟ་སྐོར་བྱས་ཡོད།

          ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་20ཡི་ཉིན་གསལ་བསྒྲགས་སྤེལ་ཏེ། ཨ་ཧྥེ་རི་ཁ་ནུབ་མའི་ཨེ་པའོ་ལ་རིམས་ནད་མུ་མཐུད་དུ་གང་སར་མཆེད་པར་བསམ་བློ་བཏང་སྟེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཚོད་འཛིན་བྱེད་ཚད་ཇེ་ཆེར་བཏང་ནས་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨེ་པའོ་ལ་རིམས་ནད་ཀྱི་འགོག་སྨན་གསར་སྤེལ་ལ་ཆོག་མཆན་བཀོད་ཡོད། ནད་གཡོག་མ་གཉིས་ཀྱིས་ཨེ་པའོ་ལ་རིམས་ནད་བྱུང་བའི་ནད་པ་བདག་སྐྱོང་བྱེད་སྐབས་ནད་དུག་འགོས་པའི་གནས་ཚུལ་ལ་དམིགས་ཏེ། ཨ་མེ་རི་ཁའི་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེར་ཨེ་པའོ་ལ་རིམས་ནད་ཀྱི་འགོག་སྲུང་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཐག་བཅད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1