མུ་ལི་དགོན་ཆེན་གྱིས་འཆམ་མཐུན་དགོན་པ་དང་བདེ་སྐྱིད་ཁྱིམ་གཞིས་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 09-25


        མུ་ལི་དགོན་ཆེན་ནི་སི་ཁྲོན་ཞིང་ཆེན་གྱི་རིག་རྫས་སྲུང་སྐྱོང་ལས་ཁུངས་གལ་ཆེན་ཡིན་ལ།  མུ་ལི་རྫོང་ཐའོ་པཱ་ཤང་ཏཱ་ཉིང་ཡཱ་པུའུ་ཡི་རི་འདབས་ལ་ཆགས་ཡོད། མཚོ་འཕགས་སྨི་ཉིས་སྟོང་དྲུག་བརྒྱ་སོ་བདུན་ཡོད།  སྤྱི་ལོ་ཆིག་སྟོང་དྲུག་བརྒྱ་ང་དྲུག་ལོར་བཞེངས། སྔོན་མར་ཁམས་པའི་གཞི་ཁྱོན་ཆེས་ཆེ་བའི་དགེ་ལུགས་དགོན་པའི་གྲས་ཤིག་ཡིན་པས།བོད་ཁུལ་དུ་ཐུན་མོང་མ་ཡིན་པའི་གོ་གནས་ལྡན།
        ད་ལོར། མུ་ལི་དགོན་ཆེན་དུ་དམིགས་བསལ་གྱི་སྐུ་མགྲོན་ཁག་ཅིག་ཕེབས་ཡོང་བ་རེད། རྒྱལ་ཕྱི་ནང་གི་སྒྱུ་རྩལ་པ་མུ་ལི་ལ་སྐྱོད་ཅེས་པའི་སྒྱུ་རྩལ་གཟའ་འཁོར་བྱེད་སྒོས་གདན་ཞུ་བའི་སྒྱུ་རྩལ་པ་ཚོ་མུ་ལི་ལ་སླེབས་རྗེས། ཡུལ་དེ་གའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཀྱིས་ཁོ་ཚོ་ལ་བག་ཆགས་ཟབ་མོ་བཞག་ཡོད།
        སྒྱུ་རྩལ་པ་ཚོ་གདོང་མའི་ནགས་ཚལ་དང་། ཞིང་པའི་དུད་ཚང་དུ་སོང་ནས། དམངས་སྲོལ་ལ་མྱོང་ཚོར་དང་། ཡུལ་དེ་གའི་རང་བྱུང་མཛེས་ལྗོངས། ལོ་རྒྱུས་རིག་གནས། དམངས་སྲོལ་རིག་གནས། མི་རིགས་མཐུན་སྒྲིལ་སོགས་ལ་གདེང་འཇོག་གང་ལེགས་བྱས་ཡོད།
        མུ་ལི་རྫོང་ནི་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་རྫོང་གཉིས་ནང་གི་གཅིག་ཡིན་པ་མ་ཟད། མི་རིགས་མང་པོའི་འདུས་སྡོད་ཁུལ་ཞིག་ཀྱང་རེད།དེ་ཡང་མུ་ལི་དགོན་ཆེན་ནི་མི་རིགས་མང་པོ་འདུས་པའི་ས་ཁུལ་འདིའི་ནང་། བོད་རིགས་མང་ཚོགས་སྲུང་སྐྱོང་བྱེད་པའི་དག་ཞིང་ལྟ་བུ་རེད།
        བཅོས་བསྒྱུས་སྒོ་འབྱེད་བྱས་རྗེས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་བསྟུན། མུ་ལི་དགོན་ཆེན་ཡང་ཞིག་གསོ་བྱས་པ་མ་ཟད། ཇོ་བོ་བྱམས་པའི་སྐུ་འདྲ་ཡང་ཞིག་གསོ་བྱས་པ་རེད།ཉེ་བའི་ལོ་ཤས་རིང་།བྱམས་མགོན་སྤྲུལ་སྐུས་སྣེ་ཁྲིད་འོག མུ་ལི་དགོན་ཆེན་དང་མུ་ལི་རྫོང་ཁོངས་ཀྱི་དགོན་པ་མང་པོས་སྤྱི་ཚོགས་འཆམ་མཐུན་ཡོང་བ་དང་། ས་གནས་བརྟན་བརླིང་སྲུང་སྐྱོང་ཐད་ནས་ལས་ཀ་མང་པོ་བསྒྲུབས་ཡོད།  མང་ཚོགས་དང་མཉམ་དུ། རྒྱལ་གཅེས་ཆོས་གཅེས་དང་། གཞི་རིམ་དུ་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་དབུལ་བྲལ་ལམ་ལ་ཁྲིད་པ། མུ་ལི་དགོན་ཆེན་ནི་བོད་བརྒྱུད་ནང་བསྟན་གྱི་གནས་མཆོག་ཡིན་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཛུགས་སྐྱོང་ནང་ཞུགས་ནས། ཆོས་ལུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་མཐུན་ཐབས་བྱེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1