མུ་ལི་རྫོང་གིས་སྔོ་ཚལ་རྟེན་གཞི་མུའུ་བརྒྱ་བསྐྲུན་པའི་འཆར་གཞི་བཀོད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-25


   ཉེ་ཆར། མུ་ལི་བོད་རིགས་རང་སྐྱོང་རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱིས་འདེབས་འཛུགས་དུད་ཚང་སྣེ་ཁྲིད་བྱས་ཏེ་མཉམ་དུ་ཞི་ཁྲེང་དང་། ཏེ་ཁྲེང་སོགས་རྫོང་དང་གྲོང་ཁྱེར་དུ་སྔོ་ཚལ་རྟེན་གཞིའི་སྒྲིག་བཀོད་ལ་རྟོག་ཞིབ་དང་སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་ལ་སློབ་སྦྱོང་བྱས་ཏེ་རྫོང་དེར་ཚད་གཞི་མཐོ་བའི་སྔོ་ཚལ་རྟེན་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྨང་གཞི་བཏིང་། ཤེས་རྟོགས་བྱུང་བ་ལྟར་ན། མུ་ལི་རྫོང་གིས་ཚད་གཞི་མཐོ་བའི་སྔོ་ཚལ་རྟེན་གཞིའི་སྒྲིག་བཀོད་མུའུ་100འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། མི་དམངས་དམངས་ཚོགས་ཀྱི་དགུན་དཔྱིད་གཉིས་ཀྱི་སྔོ་ཚལ་རང་མཁོ་རང་སྤྲོད་མི་ཐུབ་པའི་དཀའ་གནད་སེལ་བར་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་རང་ཁྱིམ་དུ་སྔོ་ཚལ་འདེབས་འཛུགས་བྱེད་ཐུབ་པར་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1