མུ་ལི་རྫོང་གིས་ཐབས་བྱེད་སྣ་མང་མཉམ་བསྟར་གྱིས་དམངས་འཚོའི་བྱ་གཞག་དམ་འཛིན་ཡག་པོ་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།བོད་ལྗོངས་དྲ་བ། སྤེལ་དུས། 09-25



  གཅིག་ནས་ནུས་ཤུགས་ཡོད་རྒུས་མ་དངུལ་གྱི་སྡེབ་སྒྲིག་ཡག་པོ་བྱས། མ་དངུལ་སྒོར་དུང་ཕྱུར་3.8སྡེབ་སྒྲིག་བྱས་ནས་དམངས་འཚོའི་ལས་གཞི་ཁག་བཅུ་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་11.9སྡེབ་སྒྲིག་བྱས་ནས་བོད་རིགས་ས་ཁུལ་གྱི་དམངས་འཚོའི་རྣམ་གྲངས་ཆེན་པོ་དྲུག་གི་འཆར་གཞི་ལག་བསྟར་བྱས། མ་དངུལ་སྒོར་དུང་ཕྱུར་1.42སྡེབ་སྒྲིག་བྱས་ནས་དམངས་འཚོའི་དོན་དངོས་20ལག་བསྟར་བྱས། 
  གཉིས་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་ལས་འགོ་ཚུགས་རྒྱུ་དམ་འཛིན་ཡག་པོ་བྱས། གྲོང་རྡལ་བཞིའི་ལྟེ་བའི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཚང་མ་ལས་འགོ་ཚུགས་པ་དང་། རྫོང་སློབ་འབྲིང་གི་མཐོ་འབྲིང་རིམ་པའི་རྒྱས་སྐྲུན་དང་ཁྲེང་ཀོན་སློབ་ཆུང་གཉིས་པ། བྱིས་སྐྱོང་སློབ་གྲྭ་གཉིས་པའི་གསར་སྐྲུན་འཆར་འགོད་ཧ་ལམ་ལེགས་འགྲུབ་བྱུང་ཟིན་ལ། ཆར་དུས་མཇུག་བསྒྲིལ་རྗེས་ལས་འགོ་ཚུགས་རྒྱུ་ཡིན། གྲོང་རྡལ་འཕྲོད་བསྟེན་ཁང་5ཡི་འཁོར་རྒྱུག་ཁང་པ་དང་། ཡུལ་ཚོ་9དང་ཕྱུགས་ར་5དང་དགོན་སྡེ་5ཡི་འཕྲོད་བསྟེན་ཁང་གི་གསར་སྐྲུན་ལས་གཞི་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས། 
  གསུམ་ནི་ནུས་ཤུགས་ཡོད་རྒུས་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་སྤྲོད་རྒྱུ་དམ་འཛིན་ཡག་པོ་བྱས། གྲོང་གསེབ་ཀྱི་ཁྱིམ་ཚང་དབུལ་པོའི་སློབ་མ་12300ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་1045སྤྲོད་པ་དང་། གཞུང་དངུལ་སྤྱོད་པའི་མི་ཐེངས་17714ཟིན་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་623སྤྲད། འཚོ་བཅུད་ལེགས་བཅོས་སྤྱོད་པའི་སློབ་མ་18214ཟིན་ལ་མ་དངུལ་སྒོ་ཁྲི་546ཟིན། 
  བཞི་ནི་ནུས་ཤུགས་ཡོད་རྒུས་དམངས་ཕན་འགན་ལེན་དམ་འཛིན་ཡག་པོ་བྱས། ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ཡིག་ཚགས་ཁྲི་11.63བཟོས་ཡོད་ཅིང་། ཡིག་ཚགས་བཟོ་ཚད་89.53%ལོན། མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་ཞུགས་མཁན་གྱི་ཞིང་པ་ཁྲི་11.546ལ་ཟིན་ཞིང་ཞུགས་ཚད་99.48%ལ་ཟིན་ལ་དེ་ནི་ཁུལ་ཡོངས་ཀྱི་ཨང་དང་པོར་སོན་ཡོད། སྨན་ཁང་དུ་སྡོད་པའི་སྨན་ཡོན་སྲིད་ཇུས་ཀྱི་ཁྱབ་ཁུངས་ནང་དུ་འགྲོ་སོང་རྩིས་ཞུ་བྱེད་པའི་བསྡུར་ཚད་70%ཟིན་ཡོད། སྤྱི་ཚོགས་འགན་ལེན་ཆེ་གྲས་ལྔའི་ནང་དུ་ཞུགས་མཁན་མི་ཐེངས་ཁྲི་7.6ཟིན་ལ་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་མི་ཐེངས་ཁྲི་2.47ལ་བྱས་ཡོད། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1