འབར་ཁམས་ནས་སོ་མང་བར་གྱི་མྱུར་བགྲོད་ལམ་བེད་སྤྱོད་བྱས་ཆོག་འདུག

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 11-04


        དགུན་དུས་གྲང་འཁྱག་ཆེ་བའི་སྐབས་མང་ཚོགས་ཀྱི་འགྲོ་འོང་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་ལྟར། ཟླ10ཚེས31ཉིན་གྱི་དུས་ཚོད20:00སྟེང་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ལས་འབར་ཁམས་ཤར་ཕྱོགས་ས་ཚིགས་དང་སོ་མང་ས་ཚིགས་བར་ཏེ་སྤྱི་ལེ30ལྷག་ཙམ་དུ་ལམ་སྒོ་ཕྱེ་རྒྱུ་ཡིན་པ་མ་ཟད་ལམ་གླ་ཡང་སྤྲོད་མི་དགོས་པ་རེད།


 རྔ་བ་ཁུལ་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པའི་བརྡ་ཁྱབ།
        ཝུན་འབར་མྱུར་བགྲོད་གཞུང་ལམ་གྱི་ལམ་མཚམས་ཁག་ནས་ཚོད་གཏོང་བྱེད་སྐབས་ཕུག་ལམ་ལས་དུས་ཚོད1རེར་སྤྱི་ལེ80དང་ཕུག་ལམ་ཕྱི་ནས་དུས་ཚོད1རེར་སྤྱི་ལེ100ལ་རྒྱུག་ཆོག སྤྱི་བདེ་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཁག་གིས་གཞུང་ལམ་གྱི་བདེ་འཇགས་དོ་དག་ལ་ཤུགས་སྣོན་བྱེད་པ་དང་ཁྲིམས་འགལ་གྱི་བྱ་སྤྱོད་གཙང་སེལ་བྱེད་བཞིན་བགྲོད་ལམ་ལས་ཤར་གཏོང་ཐུབ་པར་ཁག་ཐེག་བྱེད་རྒྱུ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1