ཞི་ཅིན་ཕིང་དང་ཞི་ལའི་ཙུང་ལི་མུས་ཙོ་ཐ་ཅི་སི་གཉིས་ཀྱིས་ཀྲུང་གོ་མཚོ་ཐོག་སྐྱེལ་འདྲེན་སྡེ་ཚོགས་ཚད་ཡོད་མཐུན་གཉེར་ཁང་གི་འཛུགས་སྐྲུན་ལས་གཞི་པིས་ལེ་ཨེ་ཧྥུའུ་སི་གྲུ་ཁང་མཉམ་དུ་གཟིགས་སྐོར་མཛད།

རྩོམ་སྒྲིག་པ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 11-13



ས་དེའི་ཚེས་བཅུ་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ཞི་ལའི་ཙུང་ལི་མུས་ཙི་ཐ་ཅི་སི་བཟའ་ཟླ་གཉིས་ཀྱི་འགྲོ་རོགས་འོག་ཏུ། ཀྲུང་གོ་མཚོ་ཐོག་སྐྱེལ་འདྲེན་སྡེ་ཚོགས་ཚད་ཡོད་མཐུན་གཉེར་ཁང་གི་འཛུགས་སྐྲུན་ལས་གཞི་པིས་ལེ་ཨེ་ཧྥུའུ་སི་གྲུ་ཁར་མཉམ་དུ་གཟིགས་སྐོར་མཛད།

        ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་གྲུ་ཁར་ཐོན་སྐབས། རྒྱལ་ཁབ་ཕྱི་ནང་གི་ལས་བཟོ་བས་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུགས་ནས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
        རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་བཟའ་ཟླ་གཉིས་ཀྱིས་གྲུ་ཁའི་ཚོང་གཉེར་དང་འཕེལ་རྒྱས་འཆར་འགོད་མཚམས་སྦྱོར་བྱས་པར་གསན་པ་དང་། དེའི་རྗེས་སུ་ཐོག་ཁང་གི་བར་ཁྱམས་སུ་ཕེབས་ནས། གྲུ་ཁ་ཡོངས་ལ་རྒྱང་གཟིགས་མཛད། གྲུ་ཁ་དེར་འདུ་འཛི་ཆེ་ཞིང་གོ་རིམ་ལྡན་ལ་ཡར་རྒྱས་ཀྱི་རྣམ་པས་ཁེངས་ཡོད། དངུལ་སྐྱེལ་གྲུ་གཟིགས་ཆེན་པོ་མང་པོ་གྲུ་ཁར་བཞག་ཡོད་ལ། ཟོང་སྒམ་ཆེན་པོ་ཡང་གྲལ་སྟར་བསྒྲིགས་ཡོད།
        ཞི་ཅིན་ཕིང་གིས་གསུངས་རྒྱུར། པིས་ལེ་ཨེ་ཧྥུའུ་སི་གྲུ་ཁར་ལྟ་སྐོར་དུ་ཡོང་ཐུབ་པར་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡད། དེ་རིང་འདི་ནས་ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ནི་ཁ་གཡང་དང་གཏམ་རྒྱུད་ཙམ་མིན་པར། ལེགས་གྲུབ་བྱུང་བའི་ལག་ལེན་དང་ངོ་མཚར་བའི་དོན་དངོས་ཡིན་པ་མཐོང་སོང་ལ། རྒྱལ་ཁབ་གཅིག་གིས་བཤད་པ་ཙམ་མིན་པར། ཚང་མས་འགན་འཁྲི་མཉམ་ཁུར་དང་གྲུབ་འབྲས་མཉམ་སྤྱོད་བྱེད་པ་ཞིག་ཡིན་པ་མཐོང་སོང་། ཀྲུང་གོས་ཕྱི་ཕྱོགས་འགྲོ་འོང་ཁྲོད་དུ་ཡང་དག་པའི་དྲང་བདེན་དང་ཁེ་་ཕན་ལྟ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཁྱོད་ཚོ་དཀའ་ངལ་ལ་འཕྲད་པའི་སྐབས་སུ། ཀྲུང་གོའི་མཚོ་ཐོག་སྐྱེལ་འདྲེན་སྡེ་ཚོགས་ཚད་ཡོད་མཐུན་གཉེར་ཁང་གི་པིས་ལེ་ཨེ་ཧྥུའུ་སི་གྲུ་ཁའི་ལས་གཞིས་ཁྱོད་ཚོར་རོགས་རམ་བྱས་པ་ཤེས་པས་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཁྱོད་ཚོས་པིས་ལེ་ཨེ་ཧྥུའུ་སི་གྲུ་ཁ་འཛུགས་སྐྲུན་བཟང་པོ་བྱས་ན། ཁྱོད་ཚོ་ནི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་ཟབ་ཞུགས་བྱེད་མཁན་དང་བྱས་རྗེས་འཇོག་མཁན་གལ་ཆེན་ཡིན། ཁྱོད་ཚོའི་བྱ་བ་ལམ་འགྲོ་དང་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། པིས་ལེ་ཨེ་ཧྥུའུ་སི་གྲུ་ཁའི་ལས་གཞི་ནི་ཀྲུང་གོ་དང་ཞི་ལ་ཕྱོགས་གཉིས་ཀྱིས་ཁྱད་སྟོབས་གསབ་རེས་དང་མཉམ་འབྲེལ་ཆེན་པོ། གཉིས་ཕན་མཉམ་རྒྱལ་བཅས་བྱས་པའི་རྒྱལ་ཁའི་དཔེ་གཞི་ཞིག་ཡིན། ཕྱོགས་གཉིས་ཀྱིས་ཡང་འབད་བསྐྱར་འབད་བྱས་ཏེ་གྲུ་ཁའི་རྗེས་མཐུད་འཛུགས་སྐྲུན་འཕེལ་རྒྱས་བཟང་པོར་གཉེར་རྒྱུ་ནི་རེ་བ་ཡིན། པིས་ལེ་ཨེ་ཧྥུའུ་སི་གྲུ་ཁའི་མདུན་ལྗོངས་རྒྱ་ཆེ་བ་དང་། མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་མི་དམངས་ལ་ཕན་འདོགས་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཀྲུང་གོ་དང་ཞི་ལའི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་པའི་སྨོན་འདུན་ཞུ་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1