ཁྲོ་ཆུ་རྫོང་གིས་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་བྱས།

འོད་གསལ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-14



      ཉེ་བའི་ལོ་ཤས་རིང་། ཁྲོ་ཆུ་རྫོང་གིས་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས། གོམ་གང་མདུན་སྤོས་སྒོས་སྒྲིག་གཞི་འཐུས་ཚང་དང་མི་སྣ་གསོ་སྐྱོང་བྱས་ནས། དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་ཐད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ།
       རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་། 2008ལོ་ནས་བཟུང་མ་དངུལ་སྒོར་ཁྲི་3000བཏང་ནས་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་ཁང་5བསྐྲུན། ཡུལ་ཚོ་དང་གྲོང་རྡལ་17གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་123བསྐྲུན།
      འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་། ལོ་རེ་མ་དངུལ་བཀོད་སྒྲིག་བྱས་ནས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པར་གྲོན་དངུལ་ཁ་གསབ་སྤྲད་པ་དང་། དེའི་ནང་རྒྱལ་ཁབ་རིམ་པའི་མ་དངུལ་མི་རེར་ལོ་རེར་སྒོར་10000དང་ཞིང་ཆེན་རིམ་པའི་མ་དངུལ་མི་རེར་ལོ་རེར་སྒོར་5000། ཁུལ་རིམ་པའི་མ་དངུལ་མི་རེར་ལོ་རེར་3000བཅས་བཏང་། ཡུལ་སྲོལ་གོམས་གཤིས་དུས་ཆེན་དང་ཁྲབ་གསུམ་ཏ་ཝེད། གསོ་སྦྱོང་འཛིན་གྲྭ་དང་དེ་བཞིན་སྒྱུ་རྩལ་པ་རྒན་གྲས་ཀྱིས་ཁྲིད་སྦྱོང་ཁང་དུ་གསོ་སྦྱོང་བྱས་ཏེ་སྔ་རྗེས་སུ་སློབ་མ་200གསོ་སྦྱོང་བྱས།
       དངོས་མིན་ཤུལ་བཞག་རིག་གནས་སྡེ་ཁུལ་དང་། གྲོང་གསེབ། སློབ་གྲྭ་སོགས་སུ་དངོས་མིན་ཤུལ་བཞག་རིག་གནས་དྲིལ་སྒྲོག་བྱེད་སྒོ་20ལྷག་སྤེལ། ལོ་རེར་རང་བྱུང་དང་ཤུལ་བཞག་རིག་གནས་ཉིན་མོར་དུས་ལྟར་དྲིལ་སྒྲོག་འགྲེམས་སྟོན་བྱས། ཧུར་ཐག་གིས་ཁྲེང་ཏུའུ་རྒྱལ་སྤྱིའི་དངོས་མིན་ཤུལ་བཞག་རིག་གནས་དུས་ཆེན་དང་ཁུལ་དངོས་མིན་ཤུལ་བཞག་རིག་གནས་དུས་ཆེན་སོགས་ཀྱི་འགྲེམས་སྟོན་བྱེད་སྒོར་ཞུགས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1