སི་ཁྲོན་གྱི་སྐབས་བཅུ་བཞི་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-07


              སྤྱི་ཟླ་11པའི་ཚེས་4ཉིན། སི་ཁྲོན་གྱི་སྐབས་བཅུ་བཞི་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འབྲི་ཆུའི་གྲོང་ཁྱེར་དང་པོ་སྟེ་དབྱི་པིང་ནས་སྤེལ་འགོ་ཚུགས། 

              འགོ་ཚུགས་མཛད་སྒོའི་ཐོག གཙོ་གཉེར་བྱེད་མཁན་དབྱི་པིང་གྲོང་ཁྱེར་གྱི་ལས་རིགས་སོ་སོའི་འཁྲབ་སྟོན་མི་སྣ་བཞི་སྟོང་ལྩག་གིས་སྐུ་མགྲོན་དང་འགྲན་ཞུགས་ལུས་རྩལ་པ་རྣམས་ལ་ངོ་མཚར་ལྡན་པའི་འཁྲབ་སྟོན་བྱས། རྒྱུས་ལོན་བྱུང་བ་ལྟར་ན། རྔ་བ་ཁུལ་དང་ལིའང་ཧྲན་ཁུལ། དཀར་མཛེས་ཁུལ་སོགས་གྲོང་ཁྱེར་དང་ཁུལ། སློབ་ཆེན་སློབ་གླིང་གི་འགྲན་ཞུགས་རུ་ཁག་བཅུ་བཞི་སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཏེ། ལུས་རྩལ་བ་དང་རྩལ་ཁྲིད་པ་སོགས་བསྡོམས་པས་མི་1453ཡོད་ལ། དེའི་ནང་བོད་རིགས་དང་དབྱི་རིགས། མིའོ་རིགས་སོགས་གྲངས་ཉུང་མི་རིགས་བཅུ་དགུ་འདུས་ཡོད། འདི་ནི་སྐབས་རིམ་བྱུང་གི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནང་གཞི་རྒྱ་ཆེས་ཆེ་བའི་ཚོགས་ཐེངས་ཤིག་རེད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནང་རྐང་གྲུག་དང་འཕང་ལོ། མདའ་རྩེད་སོགས་སྐབས་སྔོན་མའི་སྲོལ་རྒྱུན་མི་རིགས་ལུས་རྩལ་འགྲན་ཚན་ཕུད་པས། ད་དུང་དབྱི་པིང་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚན་ཏེ་ལིའོ་རིགས་ལག་རྩེད་བྱ་ཐིག་འགྲན་ཚན་ནང་ཁ་སྣོན་བྱས་ཏེ། བསྡོམས་པས་རུ་ཁག་བརྒྱད་ཀྱི་འགྲན་ཞུགས་པ་78འགྲན་ཚན་དེའི་ནང་དུ་ཞུགས་རྒྱུ་རེད།

              རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱིས་འདྲ་མཉམ་དང་མཐུན་སྒྲིལ། འབད་འཐབ། ཡར་བརྩོན་ཞེས་པའི་དམིགས་ཡུལ་བརྟན་པོར་བཟུང་ནས། ལུས་རྩལ་དངོས་སྤེལ་དང་གྲོན་བསྲི་གང་ཐུབ། སྲོལ་བཟང་གསར་གཏོད་ཀྱི་རྩ་དོན་ལྟར། མཇུག་བསྒྲིལ་བྱེད་སྒོའི་རིག་རྩལ་འཁྲབ་ཚོགས་དང་གསོལ་སྟོན་ཐོག་སྐར་ཆེན་གདན་ནས་འཁྲབ་སྟོན་བྱེད་པ་སོགས་མེད་པར་བཟོས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1