ཞི་ཅིན་ཕིང་གིས་ལིའང་ཀྲེང་དབྱིན་ལ་མཇལ་ཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-10


སྤྱི་ཟླ་11པའི་ཚེས་9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་རུ། པེ་ཅིང་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྐབས་22པའི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་གྲོས་ཚོགས་ཐོག་ཕེབས་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་གཙོ་ལིའང་ཀྲེང་དབྱིན་ལ་མཇལ་ཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་གཞུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་དང་གཞི་རྩའི་རྩ་ཁྲིམས་དོན་འཁྱོལ་བྱས་ཏེ། ཞང་ཀང་གིས་ཁྲིམས་ལྟར་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། ཞང་ཀང་དུས་ཡུན་རིང་བོར་བརྟན་བརླིང་ངང་སྟོབས་འབྱོར་ཡོང་བར་རྒྱབ་སྐྱོར་ཡོད་ཅེས་དང་། ཞང་ཀང་གི་ལས་རིགས་སོ་སོས་སྲིད་འཛིན་འགོ་གཙོ་ལིའང་ཀྲེང་དབྱིན་དང་། དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་འོག ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་དང་ཁྲིམས་ལྟར་ཡོངས་ཁྱབ་འདེམས་བསྐོ་དོན་འཁྱོལ་བྱས་ཏེ། ཞང་ཀང་གི་སྤྱི་ཚོགས་བརྟན་བརླིང་དང་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་གསུང་གནང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1