བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-17



            བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན། བཟང་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ས་ཁོངས་དཔལ་འབྱོར་ཁྱབ་སྟངས་གྲུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་སྤེལ་བ།
            ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཟླ་12པའི་ཚེས་16ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་24པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན། བཟང་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ས་ཁོངས་དཔལ་འབྱོར་ཁྱབ་སྟངས་གྲུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་སྤེལ་ཡོད།
            རྩོམ་ཡིག་ནང་། ས་གནས་ཁག་གི་ཆ་རྐྱེན་ལ་གཞིགས་ནས། ལས་བགོས་ལུགས་མཐུན་དང་། གོང་འཕེལ་ལེགས་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ་དང་། གཙོ་གཟུགས་ནུས་པའི་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། བར་ཁམས་བཅོས་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། བཟང་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ས་ཁོངས་དཔལ་འབྱོར་ཁྱབ་སྟངས་ཤིག་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
            རྩོམ་ཡིག་ནང་། མིག་སྔའི་ས་ཁོངས་དཔལ་འབྱོར་གྱི་གོང་འཕེལ་འགྲོ་ཚུལ་གསར་པར་ངོས་འཛིན་ཡང་དག་ཡོང་བ་བྱེད་དགོས། དཔལ་འབྱོར་གོང་འཕེལ་གྱི་བར་ཁམས་གྲུབ་གཞིར་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཁྱུ་ཚོགས་དེ་ཉིད་ད་ལྟ་གོང་འཕེལ་གྱི་གཙོ་རྒྱུ་ཐེག་པའི་བར་ཁམས་རྣམ་པ་གཙོ་བོར་གྱུར་ཡོད་པས། ང་ཚོས་ངེས་པར་དུ་དུས་བབ་གསར་པ་དང་འཚམ་པ་བྱེད་པ་དང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་བསམ་གཞིགས་གསར་པ་འཆར་འགོད་བྱེད་དགོས་ཞེས་བསྟན་གནང་ཡོད།
            རྩོམ་ཡིག་ནང་། དུས་བབ་གསར་པའི་འོག་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྤྱིའི་བསམ་ཕྱོགས་ནི། དཔལ་འབྱོར་ཆོས་ཉིད་དངོས་ལ་གཞིགས་ནས་ས་ཁོངས་སྲིད་ཇུས་མ་ལག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁུལ་ཁག་གི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། རིགས་ཁག་གི་རྒྱུ་ཆ་ལུགས་མཐུན་ངང་འཁོར་སྐྱོད་དང་ཕན་འབྲས་ཆེན་པོས་གཅིག་སྡུད་ཐུབ་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་གོང་འཕེལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྒུལ་བྱེད་མ་ལག་གང་མགྱོགས་འཛུགས་པ། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཁྱུ་ཚོགས་སོགས་དཔལ་འབྱོར་གོང་འཕེལ་གྱི་བཟང་ཆ་ལྡན་པའི་ས་ཁོངས་ཀྱི་དཔལ་འབྱོར་དང་མི་འབོར་གཤོངས་ཚད་ནུས་པ་ཆེ་རུ་གཏོང་བ། ས་ཁུལ་གཞན་དག་ནས་འབྲུ་རིགས་བདེ་འཇགས་དང་། སྐྱེ་ཁམས་བདེ་འཇགས། མཐའ་མཚམས་བདེ་འཇགས་སོགས་ལ་འགན་ལེན་བྱེད་པའི་ནུས་པ་ཤུགས་ཆེར་གཏོང་བ་བཅས་བྱས་ནས། བཟང་ཆ་གསབ་རེས་དང་། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ས་ཁོངས་དཔལ་འབྱོར་གནས་སྟངས་ཆག་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
            རྩོམ་ཡིག་ནང་། ཕྱོགས་མང་པོའི་ཐད་ནས་ས་ཁོངས་མཐུན་སྦྱོར་གོང་འཕེལ་འགྲོ་བའི་སྒྲིག་གཞི་གསར་པ་འཛུགས་སྐྱོང་བྱེད་པ་དང་། ས་ཁོངས་མཐུན་སྦྱོར་གོང་འཕེལ་འགྲོ་བའི་འབྲེལ་ཡོད་སྲིད་ཇུས་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། རྒྱལ་ཡོངས་སུ་གཅིག་གྱུར་སྒོ་དབྱེ་དང་། འགྲན་རྩོད་གོ་རིམ་ལྡན་པའི་ཚོང་ཟོག་དང་རྒྱུ་ཆའི་ཁྲོམ་ར་གྲུབ་པ་བྱེད་པ། རྒན་གསོ་འགན་བཅོལ་གང་མགྱོགས་རྒྱལ་ཡོངས་ཧྲིལ་པོར་གཅིག་འགྱུར་འཆར་འགོད་མངོན་གྱུར་ཐུབ་པ་བྱེད་པ། ས་ཆའི་དོ་དམ་ལམ་ལུགས་བསྒྱུར་བཅོས་བྱེད་པ། ནུས་ཁུངས་འཛད་སྤྱོད་ཕྱོགས་གཉིས་ནས་དོ་དམ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཁ་གསབ་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་པ། ནོར་སྲིད་བརྗེ་སྒྱུར་གཏོང་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
            རྩོམ་ཡིག་ནང་། བྱང་ཤར་ས་ཁུལ་གྱི་འཐབ་ཇུས་གནས་བབ་ཧ་ཅང་གལ་འགངས་ཆེན་པོ་ཡོད་པས། འཐབ་ཇུས་རང་བཞིན་གྱི་བྱ་ཐབས་གསར་པ་བཟུང་ནས། བྱང་ཤར་ས་ཁུལ་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཐོན་ཁུངས་ལེགས་སྒྲིག་ནུས་ལྡན་བྱེད་པ་དང་། རང་རྟོགས་ངང་དཔལ་འབྱོར་གྲུབ་གཞི་ལེགས་སྒྲིག་བྱས་ནས། དོ་སྙོམས་གོང་འཕེལ་འགྲོ་བའི་ཐོན་ལས་གྲུབ་གཞི་གསར་པ་ཆགས་པ་བྱེད་པ་དང་། གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་སྒོ་དབྱེའི་མདུན་ས་གསར་པ་གཏོད་པ། སྲིད་གཞུང་གི་འགན་ནུས་བརྗེ་བསྒྱུར་བྱེད་མགྱོགས་སུ་གཏོང་བ། ཕུལ་བྱུང་ཁེ་ལས་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། འགོ་ཁྲིད་ལས་བྱེད་པར་དྲང་ཕྱོགས་སྐུལ་ལྕག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མི་སྣ་བེད་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཁ་གསལ་འཛུགས་པ་བཅས་བྱས་ཏེ། བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1