ཟུང་ཆུས་དམངས་འཚོའི་དཀའ་གནད་བསལ་ཏེ་ཕྱུག་འགྱུར་ལམ་བཟང་བསྟན།

གསང་བདག་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-17



      ད་ལོར། ཟུང་ཆུ་རྫོང་གིས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དང་སློབ་གསོ་འགན་ལེན། རྣམ་གྲངས་ལག་བསྟར་བཅས་ལ་དམིགས་ཏེ། མང་ཚོགས་ཀྱི་འཚོ་བའི་དཀའ་གནད་བསལ་ཏེ་མང་ཚོགས་ཕྱུག་འགྱུར་ལམ་བཟང་བསྟན།
      ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བསྐྱེད། ཀྲུང་ལུགས་སྨན་རྫས་དང་ཤིང་ཏོག་འདེབས་འཛུགས་ཀྱི་རྟེན་གཞི་མུའུ་4539གསར་དུ་བསྐྲུན་ཞིང་། ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་བཏོད་པ་དང་། ཐོན་རྫས་ཀྱི་སྤུས་ཀ་ལ་ཁས་ལེན་པའི་དཔང་ཡིག་བཏོན། རྩོལ་ཤུགས་དང་ལས་རིགས་རྩལ་ནུས། ལས་གཏོད་སོགས་གསོ་སྦྱོང་ཐེངས་9སྤེལ་ནས་མི་460ལ་ཕན་བཏགས། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་13950སྤོ་སྒྱུར་བྱས་ཏེ་ཡོང་འབབ་སྒོར་དུང་ཕྱུར་3.7ཟིན་ཡོད། ས་གཤིས་གནོད་འཚེའི་ལྟ་སྐུལ་དོ་དམ་མི་སྣ་དང་སྐྱེ་ཁམས་ནགས་སྲུང་བ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་2849འདོན་སྤྲོད་བྱས་ཏེ། དབུལ་བོ་2110བཀོད་སྒྲིག་བྱས།
      སློབ་གསོའི་འགན་སྲུང་དོན་འཁྱོལ་བྱས། མི་རིགས་ས་ཁུལ་དུ་ལོ་15ཡི་འོས་འགན་སློབ་གསོའི་སློབ་ཡོན་མི་དགོས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། སློབ་གསོའི་དབུལ་སྐྱོར་ཐེབས་རྩ་སྒོར་ཁྲི་158.39སྤྲད་པ་དང་། དབུལ་ཁྱིམ་གྱི་སློབ་མ་མི་ཐེངས་1677ལ་རོགས་སྐྱོར་བྱས་ལ། དབུལ་ཁྱིམ་གྱི་སློབ་ལོ་རན་པའི་བྱིས་པ་1014ཡིས་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་ཞུགས་ཚད་བརྒྱ་ཆ་100ཟིན།
      རྣམ་གྲངས་ལག་བསྟར་བར་དམ་པོར་བཟུང་། བསྡོམས་རྩིས་ལྟར་ན་དབུལ་བྲལ་གནད་སྒྲོལ་གྱི་རྣམ་གྲངས་295ལག་བསྟར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་2.1བཏང་། གྲོང་ཚོའི་གཞུང་ལམ་སྤྱི་ལེ་46ཤར་གཏོང་ཐུབ་པ་དང་གྲོང་ཚོར་ཟམ་པ་17བསྐྲུན་པ་དང་། ཞིང་ཆུ་འདྲེན་སའི་རྒྱ་ཁྱོན་མུའུ་3000གསར་དུ་བསྣན་པ་དང་། ཆུ་བོའི་འབབ་རྒྱུད་སྤྱི་ལེ་གྲུ་བཞི་མ་8བཅོས་སྐྱོང་བྱས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1