ཟུང་ཆུས་སྨན་བཅོས་འགན་ལེན་གྱི་ལས་དོན་ལེགས་པར་སྤེལ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-31




ཟུང་ཆུ་རྫོང་གིས་སྨན་བཅོས་འགན་ལེན་གྱི་ལས་དོན་སྤེལ་བའི་གནས་ཚུལ་རགས་བཀོད།
       ཉེ་བའི་ལོ་ཤས་རིང་། ཟུང་ཆུ་རྫོང་གིས་དམངས་འཚོའི་གཙོ་གནད་ལ་དམིགས་ཏེ་སྲིད་ཇུས་བྱེད་ཐབས་སྔར་བས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཧུར་ཐག་གིས་བྱས་རྗེས་བཞག་ནས་སྨན་བཅོས་འགན་ལེན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་སོགས་ཟམ་མི་ཆད་པར་གོང་མཐོར་བཏང་།  
 

      ཟླ་11པའི་བར། ཟུང་ཆུ་རྫོང་གི་སྦྲུམ་མའི་འཆི་ཚད་ལོ་ལྔའི་འཆར་གཞི་ཐེངས་བཅུ་གཉིས་པའི་དུས་མཇུག་གི་255.43/ཁྲི་10ནས་2019ལོར་སྦྲུམ་མ་གཅིག་ཀྱང་མི་འཆི་བའི་ཚད་དུ་སླེབས་ཤིང་། ཕྲུ་གུ་དམར་འབྱར་ཤི་ཚད་11.39‰ནས་2019ལོར་ཕྲུ་གུ་དམར་འབྱར་གཅིག་ཀྱང་མི་འཆི་བའི་ཚད་དུ་སླེབས་པ་རེད། དེ་བཞིན་དུ་མི་རེའི་ཆ་སྙོམས་ཚེ་ཚད་ལོ་ལྔའི་འཆར་གཞི་ཐེངས་བཅུ་གཉིས་པའི་དུས་མཇུག་གི་ལོ་72ནས་2019ལོའི་ལོ་མཇུག་གི་ལོ་74བར་འཕར་ཡོད་པས། སྤྱིའི་ཆ་ནས་དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་གི་ཆུ་ཚད་ཇེ་མཐོ་རུ་ཕྱིན། 
      2015ལོ་ནས་ད་བར། འཕྲོད་བསྟེན་བྱ་བཞག་ལ་བསྡོམས་པས་མ་དངུལ་སྒོར་ཁྲི་53047.44བཏང་བ་དང་། འཕྲོད་བསྟེན་ཁོངས་གཏོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི་7000ལྷག་ཙམ་བཏང་། འཛུགས་སྐྲུན་རྣམ་གྲངས་9ལེགས་འགྲུབ་བྱུང་ཡོད་ལ། འཕྲོད་བསྟེན་རྣམ་གྲངས་ནང་རྫོང་རིམ་པའི་སྨན་བཅོས་ལས་ཁུངས་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། སྡེ་བའི་འཕྲོད་བསྟེན་ཁང་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྲིག་ཆས་སྒྲིག་སྦྱོར་བཅས་ཚུད་ཡོད་པས། རྗོང་ཧྲིལ་བོའི་སྨན་བཅོས་ཀྱི་སྟོབས་ཤུགས་ཇེ་ཆེར་ཕྱིན་ཡོད།
      མིག་སྔར། ཟུང་ཆུ་རྫོང་ལ་རྫོང་ཐད་གཏོགས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་5དང་། ལྟེ་བའི་འཕྲོད་བསྟེན་ཁང་4 ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་21 སྡེ་བའི་འཕྲོད་བསྟེན་ཁང་143 སྒེར་གྱི་སྨན་བཅོས་ལས་ཁུངས་17བཅས་ཡོད་པ་དང་། འཕྲོད་བསྟེན་མི་སྣ་582ཡོད་དེ། ལོ་ལྔའི་འཆར་གཞི་ཐེངས་བཅུ་གཉིས་པའི་དུས་མཇུག་གི་མི་466ལས་མི་116ཇེ་མང་དུ་སོང་སྟབས། འཕྲོད་བསྟེན་རུ་ཁག་གི་སྟོབས་ཤུགས་ཕྱོགས་སྒོ་མོ་ནས་ཆེ་རུ་ཕྱིན་ཡོད།
      ཁྱོན་ཡོངས་ནས་སྤྱི་བའི་ཞབས་ཞུ་ཁྱབ་གདལ་དུ་བཏང་སྟེ། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་དེ་ལོ་ལྔའི་འཆར་གཞི་ཐེངས་བཅུ་གཉིས་པའི་དུས་མཇུག་གི་རིགས་11ནས་2019ལོའི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རིགས་21ཏུ་རྒྱ་ཆེར་བཏང་ཡོད་ལ། དེའི་ནང་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་ཡིག་ཚགས་དོ་དམ་དང་བདེ་ཐང་སློབ་གསོ། གཅོང་ནད་དོ་དམ་སོགས་ཚུད་ཡོད། 
 
      སྨན་རྫས་ཀྱི་རིན་གོང་མར་ཆག་པ་དང་། སྨན་ཁང་དུ་སྡོད་པའི་སྨན་རིན་དང་སྒོ་བསྟེན་སྨན་རྫས་ཀྱི་རིན་གོང་སོགས་ཀྱང་དུས་མཚུངས་ལས་མར་ཆག་པ་དང་སྒོ་བསྟེན་སྨན་བཅོས་ཀྱི་མི་ཐེངས་དུས་མཚུངས་ལས་ཡར་འཕར། རྫོང་རིམ་པའི་སྨན་བཅོས་ལས་ཁུངས་ཀྱིས་སྒོ་བསྟེན་སྨན་བཅོས་བྱས་པའི་ནད་པ་མི་ཐེངས་73729ཟིན་ཡོད་པས། 2015ལོ་ལས་22%འཕར་ཡོད་པ་དང་། སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་པའི་མི་ཐེངས་6266ཟིན་ཡོད་པས་2015ལོ་ལས་24.8%འཕར་ཡོད།    གཤགས་བཅོས་ཐེངས་1153ཟིན་ཡོད་པས་2015ལོ་ལས་34.15%འཕར་ཡོད། ལས་སྒོའི་ཡོང་འབབ་སྒོར་ཁྲི་4028.08ཟིན་པས། 2015ལོ་ལས་37.9%འཕར་བ་སོགས་ཀྱི་གྲུབ་འབྲས་མང་དུ་བླངས་པས་ལས་སྒོ་ཁག་གི་བྱ་བའི་དམིགས་ཚད་ཚང་མ་སྔོན་མེད་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པ་བཅས་ཀྱིས་སྨན་བཅོས་ཆུ་ཚད་སྔར་ལས་འཕེལ་རྒྱས་བྱུང་བ་ཤིན་ཏུ་གསལ། 
 
      སྨན་བཅོས་འགན་ལེན་ལ་ཞུགས་པའི་མི་གྲངས་འཕར་སྣོན་བྱུང་སྟེ། 2015ལོ་ནས་བཟུང་། ཟུང་ཆུ་རྫོང་གི་སྨན་བཅོས་འགན་ལེན་ལ་ཞུགས་ཚད་97%ཡན་ཟིན་ནས་སྲིད་ཇུས་ཁྱབ་ཚད་100%ཟིན་ཡོད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སྨན་བཅོས་འགན་ལེན་ལ་ཞུགས་ཚད་100%ཟིན་ཡོད་པ་རེད། ལོ་ལྔའི་རིང་དུ། སྨན་བཅོས་འགན་ལེན་དུ་ཞུགས་མཁན་མི་ཐེངས་ཁྲི་33ཟིན་པ་དང་། རྫོང་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་0.76ལ་རྫོང་ནོར་སྲིད་ལས་སྨན་རིན་ཡོངས་རྫོགས་སྟེར་བ་མངོན་འགྱུར་བྱུང་།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1