ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨོ་པཱ་མ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-13



        སྤྱི་ཟླ་11པའི་ཚེས་11ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨ་རིའི་སྲིད་འཛིན་ཨོ་པཱ་མ་དང་མཇལ་འཕྲད་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ། དེ་མིན་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་འགངས་ཆེན་ཐོག་སོ་སོའི་དགོངས་འཆར་ལྷུག་པོར་བསྩལ།

      ཞི་ཅིན་ཕིང་གིས་ཡིང་ཐའེ་ཕོ་བྲང་གི་མདུན་དུ་ཨོ་པཱ་མ་ལ་བསུ་མ་བྱས་ཤིང་། ཕན་ཚུན་ལག་འཇུ་གནང་བ་དང་མཚམས་འདྲི་མཛད།  ཞི་ཅིན་ཕིང་གིས་གསུངས་དོན། ཨོ་པཱ་མ་ཀྲུང་གོར་ཡོང་ནས་ཐེངས་འདིའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་པ་མ་ཟད། ཀྲུང་གོར་རྒྱལ་དོན་མཚམས་འདྲི་གནང་བར་དགའ་བསུ་ཞུས།  ཞི་ཅིན་ཕིང་གིས་ཁྱེད་རང་ཐེངས་འདིར་ཀྲུང་གོ་ནས་སྡོད་པའི་དུས་ཡུན་ཐུང་ན་ཡང་། ང་ཚོས་རྒྱལ་དོན་མཚམས་འདྲི་གནང་བའི་དངོས་གཞིའི་བྱེད་སྒོ་དང་། དེ་མིན་དངོས་གཞི་མིན་པའི་མཉམ་འཛོམས་ཀྱང་བཀོད་སྒྲིག་བྱས་ཡོད་པས། ཁྱེད་རང་མཚམས་འདྲི་ཡོང་བའི་རིང་ལ་སྐྱིད་པོ་ཡོང་བ་དང་། ལས་དོན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ལོན་པའི་རེ་བ་ཡོད་ཅེས་གསུངས་ཤིང་། ཨོ་པཱ་མས། ཀྲུང་གོར་ཡང་བསྐྱར་རྒྱལ་དོན་མཚམས་འདྲི་ལ་ཡོང་ཐུབ་པར་དགའ་ཚོར་ཆེན་པོ་སྐྱེས་ཡོད་པ་དང་། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་གཞི་མིན་པའི་གྲོས་ཚོགས་དེ་བདེ་བླག་ངང་འཚོགས་ཐུབ་པར་རྟེན་འབྲེལ་ཞུ་བཞིན་ཡོད་ཅེས་གསུངས། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1