ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀྲུང་གོའི་ཕུགས་འདུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་ཞེས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-14


    སྤྱི་ཟླ་11པའི་ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་10ཉིན་གྱི་APECཡི་དགའ་བསུའི་གསོལ་སྟོན་ཐོག་གསུང་བཤད་གནང་དོན། པེ་ཅིང་དང་ཀྲུང་གོ་ཡོངས་ཀྱི་ནམ་མཁའ་རྟག་ཏུ་སྔོ་ཞིང་དྭངས་པ་དང་། རི་ཆུ་རྟག་ཏུ་མཛེས་ཤིང་སྡུག་པ། ཆུ་བོ་རྟག་ཏུ་དྭངས་ཤིང་གཙང་བའི་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཞིག་ཏུ་བྱིས་པ་རྣམས་ཀྱིས་འཚོ་བ་རོལ་རྒྱུ་ནི་ངའི་རེ་བ་ཡིན་ལ་ཀྲུང་གོའི་ཕུགས་འདུན་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུངས།

    ཞི་ཅིན་ཕིང་གིས། ཉིན་འདི་འགར་པེ་ཅིང་གི་གནམ་གཤིས་ཡག་པོ་འདུག འདི་ནི་ང་ཚོའི་འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་མཉམ་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན། ངས་རྣམ་པ་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན། དེ་བཞིན་ངས་ཐེངས་འདིའི་གྲོས་ཚོགས་ལ་བཀའ་དྲིན་ཞུ་བཞིན་ཡོད། གྲོས་ཚོགས་འདི་བརྒྱུད་ནས་ང་ཚོས་སེམས་ཐག་ཆོད་པའི་སྒོ་ནས་རང་བྱུང་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་། ང་ཚོས་རྗེས་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་སྔར་ལས་ཡག་པོ་བསྒྲུབ་པར་ཕན་པ་ཡོད། ཡང་མི་འགའ་རེས་བཤད་ན། ད་ལྟའི་པེ་ཅིང་གི་ནམ་མཁའ་སྔོན་པོ་འདི་ནི་APECཡི་མདོག་ཡིན་དེ། ཡིད་དུ་འོང་རུང་དུས་ཡུན་ཐུང་སྟེ། དུས་ཡུན་ཐུང་ཐུང་འདི་ཕར་སོང་རྗེས་ནམ་མཁའ་སྔོན་པོ་འདི་ཡལ་འགྲོ་བ་རེད་ཟེར། དེ་བས་ངའི་རེ་བར་ང་ཚོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་APECཡི་མདོག་སྔོན་པོ་འདི་རྒྱུན་འཁྱོངས་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1