བོད་ཁུལ་གྱི་ལས་དོན་ཡག་པོར་བསྒྲུབས་ནས་སི་ཁྲོན་བོད་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཇེ་བརྟན་དུ་གཏང་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-15


 
     ཟླ་བ1པའི་ཚེས་13ཉིན།  ཞིང་ཆེན་ཏང་ཨུའི་བོད་རིགས་ས་ཁུལ་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་སི་ཁྲོན་བོད་རིགས་ས་ཁུལ་གྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་པ་དང་འབྲེལ།   ན་ནིང་གི་ལས་དོན་ལ་ཕྱོགས་སྡོམ་དང་ད་ལོའི་ལས་ཀའི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། སི་ཁྲོན་བོད་རིགས་ས་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་བཏང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་བོད་རིགས་ས་ཁུལ་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཏེང་ཞའོ་ཀང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 
     ཏེང་ཞའོ་ཀང་གིས་འདས་ཟིན་པའི་ལོ་གཅིག་གི་རིང་། བོད་རིགས་ས་ཁུལ་གྱི་ཁུལ་དང་རྫོང་།  དེ་མིན་འབྲེལ་ཡོད་ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། དམངས་འཚོ་རྒྱུན་མཐུད་འགན་ལེན་དང་ལེགས་སུ་གཏོང་བ་བཅས་བྱས་ནས་བོད་རིགས་ས་ཁུལ་གྱི་དབུལ་བྲལ་འགག་སྒྲོལ་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་ཐུབ་པས། རྔ་བ་ཁུལ་དང་དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཞེས་པ་རྒྱལ་ཁའི་ངང་བསྐྲུན་ཐུབ་ཡོད་ཅེས་བསྟན། ཁོང་གིས་ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན་ལ། འཐབ་ཇུས་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་དམིགས་བསལ་གྱི་གལ་ཆེའི་རང་བཞིན་ལ་ཁྱོན་ཡོངས་ནས་ངོས་འཛིན་གང་ལེགས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཡུལ་ལས་འགན་ལ་དམ་པོར་དམིགས་པ། གཙོ་གནད་ལས་འགན་གཅིག་སྡུད་འགག་སྒྲོལ་བྱེད་པ། བོད་རིགས་ས་ཁུལ་གྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་འགན་ལེན་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་སྐྲུན་དགོས་པ་དང་། ཁྲིམས་ལྟར་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཏན་ཏིག་སྤེལ་བ། ཁྲིམས་ལྟར་དགོན་སྡེ་ཁག་ཏུ་ཚད་ལྡན་སྒོས་དོ་དམ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་རིགས་ས་ཁུལ་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་མགྱོགས་པོ་བསྐྲུན་དགོས་པ་མ་ཟད།  དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་དབུལ་བྲལ་ལས་འགན་ལྷག་མ་ལེགས་སྒྲུབ་བྱེད་པ་དང་དུས་མཚུངས་སུ་དབུལ་པོ་བསྐྱར་ལོག་གི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ་དང་འཕྲལ་སྡོམ་རོགས་སྐྱོབ་སོགས་དབུལ་བྲལ་བརྟན་པོ་ཡོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་། དབུལ་བྲལ་གཏམ་རྒྱུད་ཡག་པོ་ཤོད་པ། བོད་རིགས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སྣེ་ཁྲིད་དགོས་ཤིང་། སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་མཐུན་སྦྱོར་ངང་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར། ཁྱད་ལྡན་ཞིང་འབྲོག་ལས། སྒོ་དབྱེ་འཕེལ་རྒྱས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་སོགས་ཀྱི་ལས་དོན་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པའི་ཞོར་དུ།  དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་གསེར་རི་དངུལ་རི་ཕྱོགས་སུ་བསྒྱུར་བའི་ནུས་ལྡན་བགྲོད་ལམ་མགྱོགས་མྱུར་ངང་ཤར་གཏོང་ཐུབ་པ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།
     ཞིང་ཆེན་གྱི་འགོ་ཁྲིད་ཐེན་ཞང་ལི་དང་ཀན་ལིན། ཏེང་ཡུང་། ལིན་ཧྲུའུ་ཁྲེང་བཅས་ཚོགས་འདུར་ཕེབས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1