སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ལོ་སར་ལ་འཚམས་འདྲི་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-19



    མི་རྣམས་སྤྲོ་ཞིང་དཔལ་ཡོན་རྒྱས།  བྱི་ལོར་འབྲས་བཟང་སྨིན་པའི་ལྟས།  དཔྱིད་གསར་དུས་ཆེན་འཆར་ལ་ཉེར་བའི་དུས་བཟང་དང་བསྟུན་ནས་ཁོ་བོས་རྒྱ་ཆེའི་དྲ་དམངས་གྲོགས་པོ་ཚོར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།
    འདས་མ་ཐག་པའི་2019ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག །ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་“རྩ་གཅིག་ཡན་མང་དང་ཁུལ་ལྔ་མཐུན་སྦྱོར་”“ཕྱོགས་བཞི་རྒྱ་སྐྱེད་དང་ཁོངས་ཡོངས་སྒོ་འབྱེད་”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་ཤུགས་ཆེན་བྱས་པ་དང་།  སི་ཁྲོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་ཤིང་།  ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་གཏང་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ་དང་།  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་“ཉིང་རྡུལ་མཁྲེགས་པོའི་”སྟོབས་ཤུགས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ལ།  སི་ཁྲོན་གྱི་“གྲོགས་ཚོམས་”ཇེ་ཆེ་དང་སི་ཁྲོན་བཅོས་སྐྱོང་གི་བྱ་གཞག་ཁག་དབྱར་མཚོ་ལྟར་རྒྱས་པའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད།
    ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཞིག་ཡིན།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས།  དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་།  བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན།  བློ་བརྟན་འགྱུར་མེད་ཀྱིས་མདུན་སྐྱོད་བཅས་བྱས་ཏེ།  ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱེད་པ་དང་།  སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་དྲི་ལན་ནུས་ཤུགས་ཡོད་རྒུས་འདེབས་རྒྱུ་ཡིན།  རྒྱ་ཆེའི་དྲ་གྲོགས་ཚོས་སི་ཁྲོན་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབས་ནས་ཐབས་ཇུས་འདོན་པ་དང་རྒྱབ་སྐྱོར་མང་ཙམ་གནང་རྒྱུའི་རེ་བ་ཡོད།  དྲ་གྲོགས་རྣམ་པ་སི་ཁྲོན་དུ་ཕེབས་ནས་ལྟ་སྐོར་བྱེད་པ་དང་སྤོས་ལྡན་གྲོང་གི་མཛེས་སྡུག་དང་གསོན་ཉམས་ལྡན་པའི་རྣམ་པ་ལ་དངོས་སུ་རོལ་མྱོང་བྱེད་པར་དགའ་བསུ་ཞུའོ། ། 
    རྒྱ་ཆེའི་དྲ་གྲོགས་རྣམ་པར་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་དང་བཀྲ་ཤིས་བདེ་ལེགས་ཞུ་ཞུ། །
        


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1