2014ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་འགྲེམ་ཚོགས་ཀྱི་སྐུ་མགྲོན་རྒྱལ་ཁབ་ལས་གཙོ་བོ་ནི་ཨ་རི་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-18


               སྤྱི་ཟླ་11པའི་ཚེས་14ཉིན། 2014ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་འགྲེམ་ཚོགས་ཧྲང་ཧའེ་རུ་འཚོགས་འགོ་ཚུགས་ཡོད་ལ། ཨ་རི་རྒྱལ་ཁབ་ནི་སྐབས་འདིའི་རྒྱལ་སྤྱིའི་ཡུལ་སྐོར་ཉོ་ཚོང་འགྲེམ་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཏུ་གྱུར་ཡོད་ཅིང་། འགྲེམ་སྟོན་ཁུལ་གྱི་གཞི་ཁྱོན་རྒྱལ་སྤྱིའི་ཁུལ་ནས་ཆེ་ཤོས་ཡིན་པ་དང་། འགྲེམ་སྟོན་ནང་ཞུགས་མཁན་ཚོང་ཁང་86ཡོད་ལ། ཨ་རིའི་ཡུལ་སྐོར་ཁྱབ་གདལ་ཅུས་ཀྱིས་ལས་རིགས་མང་པོའི་མི་སྣ་དང་མཉམ་ལས་བྱས་ཏེ་འགྲེམ་སྟོན་ལ་ཞུགས་ཡོད་པ་དང་། ཐུན་མོང་ཐོག་ཨ་རིར་བསྐྱོད་པའི་ཡུལ་སྐོར་ཁྱབ་གདལ་བཏང་ཡོད།

                སྤྱི་ཟླ་11པའི་ཚེས་12ཉིན། ཨ་རིས་ཀྲུང་གོ་བ་ཨ་རིར་བསྐྱོད་པའི་ལག་ཁྱེར་གྱི་སྲིད་ཇུས་གསར་པ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་། ཀྲུང་གོའི་སྤྱི་དམངས་ཨ་རིར་ཚོང་དོན་དང་ཡུལ་སྐོར་དུ་བསྐྱོད་པའི་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་དེ་ལོ་གཅིག་ནས་ལོ་བཅུ་བར་རིང་དུ་གཏོང་རྒྱུ་དང་། སློབ་མའི་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་རིང་ཤོས་ལོ་ལྔ་བར་རིང་དུ་གཏོང་རྒྱུ་གཏན་འཁེལ་བྱས་ཡོད། བྱེད་ཐབས་གསར་པ་འདི་ནི་ཨ་རིར་ཡུལ་སྐོར་དུ་འགྲོ་རྒྱུའི་ཐད་ཀྱི་གཏམ་བཟང་ཞིག་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1