ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡའི་ལྷོ་སྣེའི་ཚན་ཞིབ་མི་སྣར་འཚམས་འདྲི་གནང་བ་མ་ཟད་ཀྲུང་གོའི་གངས་འབྲུག་རྟགས་ཅན་གྱི་ཚན་ཞིབ་གྲུ་གཟེངས་ལ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-20


          ཨོ་སི་ཐྲ་ལི་ཡའི་ཏ་སི་མ་ཉི་ཡ་མངའ་སྡེ་ཡི་ལྟེ་བའི་གྲོང་ཁྱེར་ཧོ་པ་ཐེ་རུ་འཚམས་འདྲི་གནང་བཞིན་པའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཐྲ་ལི་ཡའི་ཙུང་ལི་ཨ་པོ་ཐའེ་ཡི་ཕེབས་རོགས་འོག ལྷོ་སྣེའི་ཚན་ཞིབ་རྣམ་གྲངས་ལ་གཟིགས་སྐོར་གནང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་ཚན་ཞིབ་མི་སྣར་འཚམས་འདྲི་གནང་ཡོད།

           ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་པོའི་ཚན་ཞིབ་མི་སྣར་འཚམས་འདྲི་གནང་ཞིང་། ཁོང་གིས། ལྷོ་སྣེའི་ཚན་རིག་རྟོག་ཞིབ་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅིང་། དེ་ནི་མིའི་རིགས་ལ་ཕན་པ་བསྐྲུན་པའི་བླ་ན་མེད་པའི་བྱ་གཞག་ཅིག་ཡིན། ཀྲུང་གོས་ལྷོ་སྣེའི་ཚན་ཞིབ་ལས་དོན་སྤེལ་ནས་མིའི་རིགས་ཀྱིས་ཞི་བའི་ངང་ལྷོ་སྣེ་བེད་སྤྱོད་གཏོང་རྒྱུར་ལེགས་སྐྱེས་ཕུལ་ཡོད་པ་དང་། ལོ་ངོ་30ཡི་རིང་། ཀྲུང་གོ་དང་ཨོ་སི་ཐྲ་ལི་ཡ་རྒྱལ་ཁབ་གཉིས་པོའི་ཚན་ཞིབ་མི་སྣས་ཁྱོན་ཡོངས་ནས་མཉམ་ལས་གཏིང་ཟབ་སྤེལ་ཡོད། ཀྲུང་གོའི་ཕྱོགས་ནས་མུ་མཐུད་ཨོ་སི་ཁྲུ་ལི་ཡའི་ཕྱོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་ལྷོ་སྣེར་རྒྱུས་ལོན་དང་། ལྷོ་སྣེར་སྲུང་སྐྱོབ། ལྷོ་སྣེ་བེད་སྤྱོད་གཏོང་བ་བཅས་བྱ་འདོད་ཡོད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1